ད་ལོར་བོད་ལྗོངས་ཀྱིས་གནས་སྐོར་བ་སྣེ་ལེན་བྱེད་ཚད་ཐོག་དང་པོར་མི་ཐེངས་ཁྲི3000ལས་བརྒལ་བ།

137733875_15471091941831n.jpg

འདི་ནི2018ལོའི་ཟླ12པའི་ཚེས19ཉིན་གནས་སྐོར་བ་ཞིག་གིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འདྲ་པར་ལེན་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས10ཉིན་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གཅིག་པའི་དམངས་འཐུས་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྟེང་རྒྱུས་ལོན་པ་ལྟར་ན། 2018ལོར་བོད་ལྗོངས་ཀྱིས་ལོ་ཧྲིལ་བོར་གནས་སྐོར་བ་སྣེ་ལེན་བྱེད་ཚད་ཐོག་དང་པོར་མི་ཐེངས་ཁྲི3000ལས་བརྒལ་ཏེ། མི་ཐེངས་ཁྲི3368.7ལ་སླེབས་པ་དང་། དུས་མཉམ་ལས31.5%འཕར་ཡོད། དེ་ནི2013ལོ་ནས་བཟུང་འཕར་ཚད་ཆེས་ཆེ་བའི་ལོ་གཅིག་ཡིན་པས། དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཕེབས་པའི་སྲིད་ཇུས་ཀྱིས་བོད་ལྗོངས་ཀྱི་གནས་སྐོར་ལས་དོན་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་།

བོད་ལྗོངས་སུ་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་རིག་གནས་རྒྱབ་ལྗོངས་ཡོད་ནའང་གནམ་གཤིས་དང་རང་བྱུང་ཆ་རྐྱེན་གྱི་ཤུགས་རྐྱེན་འོག གནས་སྐོར་ལས་རིགས་དེ་དགུན་དུས་སུ་མི་ཧ་ཅང་ཉུང་བའི་གནས་ཚུལ་བྱུང་ཡོད་པས། གནས་སྐོར་འཕེལ་རྒྱས་བྱ་བར“ལོ་ཕྱེད་ཀའི་དཔལ་འབྱོར”གྱི་དཀའ་ནད་ལ་འཕྲད་ཡོད།

“འཛམ་གླིང་གི་སྣེ་གསུམ་པའི”ཐོན་རྫས་གྲགས་ཅན་གཏོད་དེ། གནས་སྐོར་ལས་རིགས་ལོ་ཧྲིལ་བོར་ཆ་སྙོམས་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་ཆེད། བོད་ལྗོངས་གནས་སྐོར་འཕེལ་རྒྱས་ཐིན་གྱིས2018ལོའི་ཟླ2པ་དང་ཟླ11པའི་སྐབས་སུ“དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཕེབས་པའི”བྱ་འགུལ་སྐོར་ཐེངས་གཉིས་ལ་སྤེལ།

137733875_15471092712181n.jpg

འདི་ནི2018ལོའི་ཟླ12པའི་ཚེས8ཉིན་གནས་སྐོར་བ་ཞིག་གིས་ཇོ་མོ་བླ་རིའི་འགྲམ་དུ་དྲན་རྟེན་འདྲ་པར་ལེན་བཞིན་པའི་ཚུལ་རེད།

རྒྱུས་ལོན་པ་ལྟར་ན། སྐོར་ཐེངས་དང་པོའི“དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཕེབས་པའི”བྱ་འགུལ་སྤེལ་འགོ་བརྩམས་རྗེས། བོད་ལྗོངས་ཀྱིས2018ལོའི་ཟླ1པོ་ནས་ཟླ4བའི་བར་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི260ལས་བརྒལ་བ་སྣེ་ལེན་བྱས་ཤིང་། གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར35མངོན་འགྱུར་བྱས་ལ། དུས་མཉམ་ལས་ལྡབ་དྲུག་ལས་བརྒལ་བ་འཕར་སྣོན་བྱུང་ཡོད། སྐོར་ཐེངས་གཉིས་པའི་བྱ་འགུལ་སྤེལ་བའི་རིང་ལ། 2018ལོའི་ཟླ11པ་ཁོ་ནར། ལྗོངས་ཡོངས་ཀྱིས་གནས་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི100%ལས་བརྒལ་བ་དང་། གནས་སྐོར་ལས་དོན་ཁང་གིས་གནས་སྐོར་མི་ཐེངས་སྣེ་ལེན་བྱེད་ཚད་ན་ནིང་གི་དུས་མཉམ་ལས་ལྡབ4ཡི་མང་བ་ཡིན། བསྡོམས་རྩིས་བྱས་པ་ལྟར་ན། བོད་ལྗོངས་ཀྱི་ན་ནིང་ལོ་ཧྲིལ་བོར་གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར490མངོན་འགྱུར་བྱས།

བོད་ལྗོངས་གནས་སྐོར་འཕེལ་རྒྱས་ཐིན་གྱི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར། རྗེས་ཕྱོགས་སུ། བོད་ལྗོངས་ཀྱིས་མུ་མཐུད་དུ“དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཕེབས་པའི”མཁོ་འདོན་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་སྟེ། དགུན་དུས་ཀྱི་ཁྱད་ཆོས་ལྡན་པའི་ཆུ་ཚན་གནས་སྐོར་དང་། སྐྱེ་ཁམས་གནས་སྐོར། གྲོང་ཚོའི་གནས་སྐོར། ཁམས་གསོ་གནས་སྐོར་སོགས་ཀྱི་རྣམ་གྲངས་གསར་སྤེལ་བྱས་ཏེ། བོད་ལྗོངས་ཀྱིས་དགུན་དུས་སུ་མི་རིགས་ཀྱི་དུས་ཆེན་མང་པོ་སྤེལ་བའི་གོ་སྐབས་དང་བསྟུན་ནས། རིག་གནས་ཐོན་ཁུངས་གནས་སྐོར་ཐོན་རྫས་སུ་སྒྱུར་བར་སྐུལ་འདེད་བཏང་སྟེ། གནས་སྐོར་ཞབས་ཞུའི་ནུས་ཤུགས་མུ་མཐུད་དུ་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།