བོད་རང་སྐྱོང་ལྗོངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་ཡོངས་སུ་ཁྱབ་པ།

1544490978596361.jpg

འདི་ནི་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོའི་སྨན་བཅོས་ཁང་གི་སྨན་པས་རྒན་མི་རྣམས་ཀྱི་ལུས་པོར་བརྟག་དཔྱད་བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ40འཁོར་བའི་རིང་ལ། བོད་རང་སྐྱོང་ལྗོངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་འཛུགས་སྐྲུན་མུ་མཐུད་དུ་འཐུས་ཚང་དུ་བཏང་། མིག་སྔར། གྲོང་ཁྱེར་དང་གྲོང་གསེབ་ལ་ཁེབས་པའི་གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་བཙུགས་ཡོད་པ་དང་། 2017ལོའི་ལོ་མཇུག་བར་དུ། རོང་འབྲོག་ཁུལ་གྱི་གཞི་རྩའི་སྨན་བཅོས་སྲིད་ཇུས་ལོངས་སུ་སྤྱོད་པའི་མང་ཚོགས་ཁྲི256.83ཡོད་དེ། ལྗོངས་ཡོངས་སུ་ཁྱིམ་ཐོ་ཡོད་པའི་རོང་འབྲོག་མང་ཚོགས་རྣམས་ཀྱིས་ཆ་སྙོམས་སུ་སྲིད་ཇུས་ཁྱབ་ཁོངས་ཁྲོད་ཀྱི80%ཡས་མས་ཀྱི་སྨན་ཡོན་རྩིས་ཞུའི་བསྡུར་གྲངས་ལོངས་སུ་སྤྱོད་ཐུབ།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།