དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུའུ་ཡིས་ལོ་འཁོར་མོའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་ཚོ500ལས་བརྒལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་གྱི4401གི་དུས་གཏན་གནམ་གྲུ་བདེ་བླག་ངང་ལྷ་སར་འབྱོར་བ་དང་སྦྲགས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་ད་ལོ་འགྲུལ་པ་མི་ཐེངས་ཁྲི500ཟིན་པའི་ཐོག་ནས།  བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་བྱ་གཞག་གོང་འཕེལ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།

བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན།  དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ནང་ངོས་མཐུན་རྐྱེན་གཏོད་རྒྱུའི་ཐད་ཤུགས་སྣོན་རྒྱབ་ནས།  ལྗོངས་ནང་ཁུལ་གྱི་གནམ་ཐང་ཁྱབ་ཚུལ་འཐུས་ཚང་བཟོས་པ་དང་ལག་རྩལ་ཆུ་ཚད་གསར་གཏོད་མཐོར་གཏོང་བྱས་པས་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་གོང་འཕེལ་ཆེན་པོ་བྱུང་ཡོད།  དེང་སྐབས་རང་ལྗོངས་སུ་ལྷ་སའི་གོང་དཀར་གནམ་ཐང་དང་ཆབ་མདོའི་སྤོམ་མདའ་གནམ་ཐང་།  ཉིང་ཁྲིའི་སྨན་གླིང་གནམ་ཐང་།  མངའ་རིས་ཀྱི་དགུན་ས་གནམ་ཐང་།  གཞིས་རྩེའི་ཞི་བདེ་གནམ་ཐང་བཅས5ཡོད་པར་གནམ་གྲུ་སྒུག་སའི་ཐོག་ཁང་གི་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ40000ལྷག་ཙམ་ཟིན་པ་དང་བོད་ནས་ཕར་ཚུར་འཕུར་སྐྱོད་བྱེད་མཁན་མཁའ་འགྲུལ་ཀུང་སི10ཡོད་པ།  མཁའ་འགྲུལ་ལམ་ཐིག88ཡོད་པ།  གྲོང་ཁྱེར47ལ་སྐྱོད་ཐུབ་པ།  ཉིན་ལྟར་གནམ་གྲུ་ཐེངས130འབབ་འཕུར་ཐུབ་པ་བཅས་རེད།

དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱི་ཅུས་ཀྲང་དཔལ་སྒྲོན་གྱིས་བཤད་རྒྱུར།  ལོ་འཁོར་མོའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་ཚོ500ལས་བརྒལ་ཡོད་པ་དེ་ནི་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ40འཁོར་བར་ཕུལ་བའི་ཕྱག་རྟགས་ཡག་ཤོས་དེ་རེད།  གོམ་སྟབས་རྗེས་མར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་གནམ་ཐང་གི་ཁྱབ་ཚུལ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་རྟ་སྒ་ཆ་སྒྲིག་གི་སྒྲིག་བཀོད་ལེགས་སུ་བཏང་སྟེ།  སྤྱི་ལོ2020ལོར་སླེབས་སྐབས་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་ལོ་འཁོར་མོའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་ཚོ700ལས་བརྒལ་ཐུབ་པ་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།