ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཅུད་ཀྱིས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུད་དུ་ལས་བྱེད་པའི་ཚོགས་ཆེན་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས4ཉིན་གྱི་ཕྱི་དྲོ།  ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཅུད་ཀྱིས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུད་དུ་ལས་བྱེད་པའི་ཚོགས་ཆེན་འཚོགས་ཏེ།  དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུད་ཀྱི་འགན་འཁུར་བ་གཙོ་བོ་ལེགས་སྒྲིག་གི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཇེ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  

ཅང་ཇེ་ཡིས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུད་ནས་གནམ་ཐང་གི་ཕྱོགས་བསྡུས་འགན་སྲུང་ནུས་པ་ཆེ་རུ་དང་བདེ་འཇགས་ལྟ་འདོམས་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས།  བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་རྒྱུན་མཐུད་གོང་འཕེལ་ཡོང་བ་བྱེད་དགོས་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ཐབས་ཇུས་འགན་ལེན།  ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་དང་འཚམས་པ་བྱ་རྒྱུའི་ཐོག་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་བྱས་ཏེ།  མི་རིགས་ཁག་སྤེལ་རེས་མཉམ་འདྲེས་ཡོང་བ་བྱེད་དགོས་པ།  བསྒྱུར་བཅོས་གསར་གཏོད་ལ་དམ་འཛིན་བྱས་ནས་དོ་དམ་འཁོར་རྒྱུགས་ཐད་འགག་སྒྲོལ་ཡོང་བ་བྱེད་དགོས་པ།  དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་དར་ཆ་གསལ་སྟོན་ངང་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ།  འཇོན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།  

དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་དོ་དམ་ཅུད་ཏང་ཨུད་ཀྱི་ཧྲུའུ་ཅི་ལེའུ་ཅུན་ནས་བློ་མཐུན་ཝུན་པིང་གི་ལས་ཀའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད།  བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་གོང་འཕེལ་དང་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུའུ་ཀྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ཐད་རེ་བ་དང་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།