རྒྱབ་ཁབ་ཀྱི་བཀོད་སྒྲིག་ལྟར་བོད་ལྗོངས་ནས་རྒྱལ་ཁབ་ས་ཆ་བརྟག་དཔྱད་བྱེད་ཐེངས་གསུམ་པའི་འབྲེལ་ཡོད་ལས་དོན་ཡག་པོ་སྤེལ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་ཉེ་དུས།  རྒྱལ་ཡོངས་སུ་རྒྱལ་ཁབ་ས་ཆ་བརྟག་དཔྱད་བྱེད་ཐེངས་གསུམ་པའི་ཁྲོད་ཀྱི་བོད་ལྗོངས་ཀྱི་ལས་དོན་བཀོད་སྒྲིག་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ།  རྒྱལ་ཡོངས་སུ་རྒྱལ་ཁབ་ས་ཆ་བརྟག་དཔྱད་བྱེད་ཐེངས་གསུམ་པའི་ཐད་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བཏོན་པའི་བརྡ་ཐོའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  རྒྱལ་ཡོངས་སུ་རྒྱལ་ཁབ་ས་ཆ་བརྟག་དཔྱད་བྱེད་ཐེངས་གསུམ་པའི་ཁྲོད་ཀྱི་རང་སྐྱོང་ལྗོངས་ཀྱི་ལས་དོན་བཀོད་སྒྲིག་དང་སྐུལ་སློང་བྱས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཇེ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཅང་ཇེ་ནས་ལས་ཀའི་གཙོ་གནད་ཁ་གསལ་བཟོས་ཏེ་རྒྱལ་ཡོངས་སུ་རྒྱལ་ཁབ་ས་ཆ་བརྟག་དཔྱད་བྱེད་ཐེངས་གསུམ་པའི་དམིགས་ཚད་དང་ལས་འགན་གཙོ་བོ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ།  རྨོ་ཞིང་དང་ས་ཞིང་སྤྱི་ཡོངས་ཀྱི་གནས་ཚུལ་བརྟག་དཔྱད་གསལ་པོ་བྱེད་པ་དང་།  གྲོང་ཁྱེར་དང་གྲོང་གསེབ་ཏུ་རིགས་ཁག་གི་ས་ཆ་བེད་སྤྱོད་བྱས་ཚུལ་དང་དེའི་བདག་དབང་དང་བེད་སྤྱོད་བྱེད་དབང་གི་གནས་ཚུལ་བརྟག་དཔྱད་གསལ་པོ་བྱ་རྒྱུ་དང་ཆབས་ཅིག  རང་བྱུང་ཐོན་ཁུངས་ལ་གཅིག་གྱུར་བརྟག་དཔྱད་བྱས་ཏེ་རྒྱལ་ཁབ་ས་ཆའི་གྲངས་གཞིའི་མཛོད་བཟོ་བ་དང་བརྟག་དཔྱད་གྲུབ་འབྲས་བཀོལ་སྤྱོད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།

ཅང་ཇེ་ནས་རིམ་ཁག་སྲིད་གཞུང་གིས་སྒྲིག་འཛུགས་དང་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།  ཚན་པ་ཁག་གིས་འགན་འཁྲི་གཙང་སྒྲུབ་དང་མཐུན་སྒྲིལ་རོགས་ལས།  རང་འགུལ་དོན་གཉེར་བཅས་ཀྱི་སྒོ་ནས་མི་སྣ་དང་འགྲོ་གྲོན་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་དྲིལ་བསྒྲགས་སྐུལ་སློང་ལས་དོན་ཡག་པོ་སྤེལ་ཏེ།  སྤུས་འབོར་གཉིས་ལྡན་ངང་རྒྱལ་ཡོངས་སུ་རྒྱལ་ཁབ་ས་ཆ་བརྟག་དཔྱད་བྱེད་ཐེངས་གསུམ་པའི་ཁྲོད་རང་ལྗོངས་ཀྱི་ལས་དོན་ཁག་དུས་ཐོག་ཏུ་ལེགས་སྒྲུབ་ཐུབ་པ་བྱེད་དགོས་རྒྱུའི་ནན་གསུང་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།