ཉེ་བའི་ལོའི་ནང་བོད་ལྗོངས་ཀྱི་སྤྱི་ཚོགས་ཚན་རིག་ལས་རིགས་གོང་འཕེལ་ཐད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སྐྲུན་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ཚུན་དུ།  བོད་ལྗོངས་སུ་ཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་འཆད་འགྲེལ་བྱེད་རྒྱུ་དེ་གལ་ཆེན་ལ་རྩིས་ཏེ།  རིག་གཞུང་སློབ་སྦྱོང་ལ་ཤུགས་སྣོན་རྒྱབ་ཐོག་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ཟབ་ཏུ་བཏང་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ2013ལོ་ནས2017ལོའི་བར་བོད་ལྗོངས་ཀྱིས་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས418རེ་ཞུ་བྱས་པའི་ནང་རྣམ་གྲངས178ལ་ཆོག་མཆན་ཐོབ་ནས་རྣམ་གྲངས་རགས་ཚད42.6%ཟིན་པ་དེས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་ཡོད།  སྤྱི་ལོ2016ལོའི་ཟླ10པའི་ཚེས31ཉིན་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ལྷོ་ཨི་ཤི་ཡའི་ཞིབ་འཇུག་ཁང་དབུ་བརྙེས་པ་དེའི་ཐོག་ནས།  བོད་ལྗོངས་སུ་སྤྱི་ཚོགས་ཚན་རིག་ཁང་ནང་ཁུལ་གྱི་ཞིབ་འཇུག་ཚན་པ་འཛུགས་སྐྱོང་བྱེད་རྒྱུའི་ཐད་འགག་སྒྲོག་གསར་པ་བྱུང་བ་དང་། བོད་ལྗོངས་སུ་ཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་རིག་གཞུང་མ་ལག  དེར་མཚུངས་ཀྱི་རིག་ཚན་འཛུགས་སྐྱོང་བྱེད་རྒྱུ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་མཚོན་ཐུབ་ཀྱི་ཡོད།  དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་ད་དུང་སྤྱི་ཚོགས་ཚན་རིག་རིག་གཞུང་ལས་དོན་པ་སྒྲིག་འཛུགས་བྱས་ནས།  བདེན་འཚོལ་དུས་དེབ་སོགས་ཀྱི་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་འཆད་འགྲེལ་གྱི་རྩོམ་ཡིག30ལྷག་ཙམ་སྤེལ་བ་མ་ཟད།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཟུར་ལྟའི་སློབ་དེབ་རྩོམ་སྒྲིག་བྱས་པ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ལྗོངས་ཡོངས་ཀྱི་རིག་གཞུང་རྩོམ་ཡིག་འདེམས་སྒྲིག་ཞེས་པ་རྩོམ་སྒྲིག་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།