བོད་ལྗོངས་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང་ཡུལ་སྨད་དུ་གྲོང་མིའི་སྡོད་ཁང་སྟར་པ56ལྷག་གི་རྨང་གཞི་ལེགས་འགྲུབ་བྱུང་བ།

W020181011415837665137.jpg

འདི་ནི་བོད་ལྗོངས་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང་སྟེ་ཡུལ་སྨད་འཛུགས་སྐྱོང་བྱས་པའི་རྣམ་པ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོའི་ཟླ10པའི་ཚེས29ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་སྤྲིངས་པ་དེས་མི་ཀུན་ལ་བོད་ལྗོངས་ཀྱི་ལྷོ་ཁ་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ངོ་ཤེས་སུ་བཅུགསྔོན་ཆད་ལོ་ཕྱེད་རིང་རི་རྒྱ་བསྡམས་པ་དང་། མི་འབོར་ཤིན་ཏུ་ཉུང་བ། བགྲོད་ལམ་ཧ་ཅང་ཀྱག་ཀྱོག་ཡིན་པའི“མཐའ་མཚམས་ཀྱི་ཁེར་ཆགས་གླིང་ཕྲན”དེར་ད་ཆར་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་འགྱུར་ལྡོག་བྱུང་སྟེ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང་གི་ཡུལ་སྨད་དེ་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད། 

དེའི་སྔོན་ལ། མཐའ་མཚམས་སུ་གནས་པའི་བོད་ལྗོངས་ཡུལ་སྨད་ཤང་དུ་ཡུལ་མི་དུད་ཚང་གཅིག་ལས་མེད་པས། མི་རྣམས་ཀྱིས“མི་གསུམ་གྱི་ཤང”ཞེས་བརྗོད་པ་ཡིན། 2017ལོའི་ཟླ11པར། ཡུལ་སྨད་ཤང་ལ་དུད་ཚང་9དང་མི་གྲངས་32ལས་མེད་པས་ཀྲུང་གོའི་མི་འབོར་ཉུང་ཤོས་ཀྱི་སྲིད་འཛིན་ཤང་དེ་ཡིན། ད་ལོར་ཡུལ་སྨད་ཤང་དུ་དུད་ཚང47སྤར་བ་དང་། དེའི་ཐོག་དེ་སྔོན་གྱི་གཏན་སྡོད་དུད་ཚང་9པོ་བསྣན་ན་ཤང་ཡོངས་སུ་དུད་ཚང56དང་། མི་གྲངས197ཡོད། 

W020181011415837660394.jpg

འདི་ནི་ཡུལ་སྨད་ཤང་གི་འཛུགས་སྐྲུན་བྱེད་བཞིན་པའི་མི་སེར་དཀྱུས་མའི་སྡོད་ཁང་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྱི་ཡུལ་སྨད་ཤང་གི་འཛུགས་སྐྲུན་རྣམ་གྲངས་ཀྱིས་ངར་ལྕགས་སྒྲིག་སྦྱོར་རྣམ་པའི་གྲུབ་ཚུལ་གྱི་གྲོང་མིའི་སྡོད་ཁང་56གསར་སྐྲུན་བྱས་ཏེ། ཤང་སྲིད་གཞུང་དང་། གྲོང་སྡེ་ཨུ་ཡོན་ལྷན་ཁང་། འཕྲོད་བསྟེན་ཁང་། སློབ་གྲྭ་སོགས་སྤྱི་པའི་ཞབས་ཞུ་སྒྲུབ་གནས་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། ཆུ་འབུད་པ་དང་། གློག་ཤུགས། གསར་འགྱུར། བགྲོད་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་ཐག་གཅོད་བྱས་ཏེ་ས་ཆའི་རྒྱ་ཁྱོན་མུའུ440.98བཀོལ་སྤྱོད་བྱ་རྒྱུའི་འཆར་འགོད་བྱ་རྒྱུ་དང་། སྤྱིའི་བཟོ་སྐྲུན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ17254.24རུ་སླེབས་རྒྱུ་རེད། 

མིག་སྔར། ཡུལ་མིའི་སྡོད་ཁང་སྟར་པ56ཡི་རྨང་གཞི་ལེགས་གྲུབ་བྱུང་བ་དང་། ཡུལ་མིའི་སྡོད་ཁང་སྟར་པ56 གི་ངར་ལྕགས་གཙོ་བོའི་སྒྲིག་སྦྱོར་ལེགས་སྒྲུབ་བྱུང་། ཁང་པ39ཡི་ཕྱིའི་རྒྱན་སྤྲོས་ལེགས་འགྲུབ་བྱུང་བ་དང་། ཁང་པ9ཡི་ནང་རྒྱན་ཡོངས་འགྲུབ་བྱས། པིན་ཧོ་ལམ་དང་ལྟེ་གནས་ཁྲོམ་སྲང་གི་ས་ཕྱོགས་ཀྱི་ལས་གྲྭ་ལེགས་གྲུབ་ཟིན་པ་དང་སྤྱིའི་རིང་ཚད་ལ་སྨི1000 ཡོད་པའི་ཆུ་རགས་ཀྱང་དུས་ཐོག་ཏུ་ལེགས་འགྲུབ་བྱུང་། གཞན་ཡང་། ལྟེ་བའི་སྤྱི་གླིང་དང་། ཐང་ཆེན་གསར་སྐྲུན་བྱ་རྒྱུ་དང་། རྣམ་གྲངས་གནས་སའི་མ་ལམ་གཙོ་བོ་དང་། ཐང་ཆེན། གཞོགས་ལམ། ལྗང་སྒྱུར་སོགས་ཀྱི་ས་གནས་སུ་བོད་ཁུལ་གྱི་ཁྲོན་དབྱང་སྡོང་པོ་དང་། ཤུག་པ། གསོམ་སྡོང་སོགས་རང་ཡུལ་གྱི་སྡོང་པོ་གཙོ་བོ་བྱས་ཏེ་འདེབས་འཛུགས་བྱེད་པ་དང་། དེ་བཞིན་ས་མཐོའི་སྟག་མ་ཤིང་སོགས་སྡོང་ཐུང་བཙུགས་ཏེ་སྐྱེ་ཁམས་དང་སྐྱིད་སྣང་དོད་པོའི་འཚོ་བའི་ཁོར་ཡུག་བསྐྲུན་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།