རྒྱལ་ཁབ་སྐྱེ་ཁམས་གནས་སྤོ་བརྟག་ཞིབ་ཚོགས་ཆུང་གིས་བོད་ལྗོངས་ས་བབ་མཐོ་སའི་ཁུལ་གྱི་སྐྱེ་ཁམས་གནས་ཚུལ་ལ་བརྟག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་དང་སྐྱེ་ཁམས་ཁོར་ཡུག་པུའུ་ལས་གྲུབ་པའི་ས་བབ་མཐོ་སའི་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་ཆེད་དོན་བརྟག་ཞིབ་ལས་དོན་སྤེལ་མཁན་རྒྱལ་ཁབ་ཀྱི་བོད་སྐྱོད་ཚོགས་ཆུང་གིས།  རང་ལྗོངས་ཀྱི་ས་བབ་མཐོ་སའི་ཁུལ་དུ་ཟབ་སྐྱོད་བྱས་ནས་བརྟག་ཞིབ་གནང་བ་མ་ཟད།  རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་བཞུགས་མོལ་ཡང་གནང་ཡོད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གསུང་བཤད་གནང་བ་དང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།  ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ལྗོངས་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་ཅིས་གོ་ཀང་ཚོགས་འདུར་ཕེབས་པ།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་ནས་ས་བབ་མཐོ་སའི་ཁུལ་གྱི་སྐྱེ་ཁམས་གནས་སྤོས་དང་འབྲེལ་བ་ཡོད་པའི་གནས་ཚུལ་ངོ་སྤྲོད་གནང་བ་བཅས་རེད།

རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་ས་ཁུལ་སིའི་སྐོར་གཟིགས་པ་ཙའུ་ཡུང་ནས་བརྟག་ཞིབ་ཚོགས་ཆུང་གི་ཚབ་ཞུས་ནས་ད་རེས་བོད་དུ་ཡོང་བའི་དམིགས་ཡུལ་ངོ་སྤྲོད་གནང་བ་དང་སྦྲགས།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ནས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་མཐོང་ཆེན་པོ་གནང་གི་ཡོད་པས།  བརྟག་ཞིབ་ཚོགས་ཆུང་གིས་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་གཞི་རྒྱུན་འཁྱོངས་བྱེད་པ་དང་།  ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོས་ཆེད་དོན་བརྟག་ཞིབ་དང་སྤེལ་རེས་འབྲེལ་མཐུད་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྤེལ་ནས་བྱ་བ་བཟང་པོ་ཡག་པོ་སྒྲུབ་པ་དང་དངོས་ཡོད་བྱ་བ་ཡག་པོ་སྒྲུབ་ཏེ།  བོད་ལྗོངས་སྤུས་ཚད་མཐོ་པོས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་སྤེལ་གཏོང་ཆེད་ལེགས་སྐྱེས་གང་ཡོད་འབུལ་རྒྱུ་ཡིན་ཞེས་གསུངས།

ཆེ་དགྲ་ལྷས་བརྟག་ཞིབ་ཚོགས་ཆུང་དང་བཅས་པ་བོད་དུ་ལས་དོན་རྟོགས་ཞིབ་མཛུབ་ཁྲིད་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་།  རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་དང་སྐྱེ་ཁམས་ཁོར་ཡུག་པུས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་།  བོད་ལ་ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་གིས་དམིགས་བསལ་ཐུགས་འཁུར་དང་ཤུགས་ཆེའི་རྒྱབ་སྐྱོར་གནང་གི་ཡོད་པས།  ང་ཚོས་ཐུགས་འཁུར་དང་གཅེས་སྐྱོང་དེ་འགུལ་ཤུགས་སུ་འགྱུར་བ་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་འཛུགས་པ།  འཛམ་གླིང་གི་ས་གཙང་མཐའ་མ་དེ་སྲུང་སྐྱོབ་ཡག་པོ་བྱེད་པའི་འཐབ་ཇུས་ནས་འགོ་འཛུགས་པ།  མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སོགས་སྲུང་སྐྱོབ་བྱེད་པའི་དོན་དངོས་དགོས་མཁོ་ནས་འགོ་བཙུགས་ཏེ།  མཛེས་སྡུག་ལྡན་པའི་འཚོ་བར་འཆང་པའི་མི་དམངས་ཀྱི་རེ་འདོད་དེ་འབད་འཐབ་དམིགས་ཚད་ལ་ཏན་ཏིག་རྩིས་ནས་སྐྱེ་ཁམས་ཀྱི་དམར་ཐིགས་ནན་པོ་སྲུང་བ་དང་།  ཚན་རིག་དང་མཐུན་པའི་གནད་དོན་གནས་ལ་འཕིགས་པའི་སྒོ་ནས་བརྟན་ལྷིང་དང་གོང་འཕེལ།  སྐྱེ་ཁམས་བཅས་ཀྱི་ལས་དོན་ཁག་དམ་འཛིན་བྱས་ཐོག་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པ་བྱས་ཏེ།  ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་འཁུར་དང་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་།  སྐྱེ་ཁམས་ཁོར་ཡུག་པུའི་ཤུགས་ཆེའི་རྒྱབ་སྐྱོར་གྱི་དྲིན་ལན་འཇལ་རྒྱུ་ཡིན་ཞེས་མཛུབ་སྟོན་གནང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།