ལྷ་ས་གྲོང་ཁྱེར་གྱི་དགོན་སྡེ21དང་གྲྭ་བཙུན2015ལ་གཟེངས་བསྟོད་ཐོབ།

1531270635857579.jpg

འདི་ནི2018ལོའི་ལོ་སྟོད་ཀྱི་དཔེ་སྟོན་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུའི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས10ཉིན། ལྷ་ས་གྲོང་ཁྱེར་གྱི2018ལོའི་ལོ་སྟོད་ཀྱི་དཔེ་སྟོན་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུ་དངོས་སུ་བསྡུས་པ་དང་། ལྷ་ས་གྲོང་ཁྱེར་གྱི་དགོན་སྡེ21དང་གྲྭ་བཙུན2015ལ་སོ་སོ་ནས2018ལོའི་ལྷ་ས་གྲོང་ཁྱེར་གྱི་དཔེ་སྟོན་དགོན་སྡེ་དང2018ལོའི་ལོ་སྟོད་ཀྱི་རྒྱལ་གཅེས་ཁྲིམས་སྲུང་སྔོན་ཐོན་གྲྭ་བཙུན་ཞེས་པའི་མཚན་སྙན་ཐོབ།

1531270639173505.jpg

འདི་ནི་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་གྲྭ་བཙུན་རེད།

ཚོགས་འདུ་ལས་ད་དུང་འབྲས་སྤུངས་དགོན་དོ་དམ་ཨུ་ཡོན་ལྷན་ཁང་སོགས་དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང(ཆེད་མངགས་པའི་ལས་ཁུངས)17ལ་ལྷ་ས་གྲོང་ཁྱེར་གྱི2018ལོའི་ལོ་སྟོད་ཀྱི་སྔོན་ཐོན་དགོན་སྡེ་ཨུ་ཡོན་ལྷན་ཁང(ཆེད་མངགས་པའི་ལས་ཁུངས)གི་མཚན་སྙན་གནང་བ་དང་། པ་སངས་ནོར་བུ་སོགས་དགོན་སྡེ་བཅའ་སྡོད་ལས་བྱེད་པ61ལ་ལྷ་ས་གྲོང་ཁྱེར་གྱི2018ལོའི་ལོ་སྟོད་ཀྱི་དགོན་སྡེའི་བཅའ་སྡོད་ལས་བྱེད་པ་ཕུལ་བྱུང་གི་མཚན་སྙན་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།