ལྷ་སར་བཅའ་སྡོད་ལས་དོན་རུ་ཁག་གིས་གཞི་རིམ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ཏན་ཏིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲོང་ཚོར་བཅའ་སྡོད་ཁག་བདུན་པའི་ལས་དོན་རུ་ཁག་ལྷ་ས་གྲོང་ཁྱེར་གྱི་གྲོང་ཚོ་ཁག་ཏུ་བཅའ་སྡོད་བྱས་ཚུན།  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོའི་ནང་དོན་དང་ཀུན་སྤྱོད་དཔེ་བཟང་དང་མི་བཟང་ལས་བཟང་གི་དཔེ་སྟོན་དྲིལ་བསྒྲགས་བྱེད་པ་དང་།  མཛེས་པའི་གྲོང་གསེབ་འཛུགས་སྐྱོང་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད།  གཞི་རིམ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་སྤེལ་ཏན་ཏིག་བཏང་ཡོད།

ལྷ་སར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས།  ད་ལོའི་ཤིང་འཛུགས་དུས་ཆེན་རིང་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ལ་གཞོགས་འདེགས་ངང་མང་ཚོགས་སྒྲིག་འཛུགས་བྱས་ནས།  འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ་དང་།  ལྷུན་གྲུབ་རྫོང་ལྕང་ར་ཤར་ཤང་ལན་པ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་དེ་ཡོངས་ཀྱི་གྲོང་མིའི་ནང་ནས་ཤེས་དཔལ་འཁྲིད་སྟོན་པ་དང་ཤེས་དཔལ་དང་བླངས་པ36བདམས་ཡོད།  ལྷུན་གྲུབ་རྫོང་མཁར་རྩེ་ཤང་མདུང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ཏང་ཡོན་ཡོངས་སྒྲིག་འཛུགས་བྱས་ནས།  གྲོང་ཚོའི་ཉེ་འཁོར་གྱི་གད་སྙིགས་གཙང་ཕྱག་བྱས་པ།   ཁྲེང་ཀོན་ཆུས་བརྒྱད་ཅིག་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་མི་དམངས་སྨན་ཁང་གསུམ་པ་དང་འབྲེལ་བ་བྱས་ནས།  སྡེ་ཁུལ་གྱི་གྲོང་མིར་གཟུགས་པོ་བརྟག་དཔྱད་དང་བདེ་ཐང་བློ་འདྲི་སོགས་ཀྱི་བྱེད་སྒོ་སྤེལ་བ།  མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་རི་མདོ་སྒང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ལ་གཞོགས་འདེགས་བྱས་ནས།  གྲོང་ཚོའི་ཉེ་འཁོར་གྱི་གད་སྙིགས་གཙང་སེལ་བྱས་པ་བཅས་ཀྱི་ཐོག་ནས་གཞི་རིམ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་སྤེལ་ཏན་ཏིག་བཏང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།