བོད་ལྗོངས་ཀྱིས་“ལྕགས་ལམ་+ཡུལ་སྐོར་”གཅིག་འདུས་ཐོན་རྫས་གསར་གཏོད་གཏིང་ཟབ་བྱས།

W020180627350891469453.jpg

“ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན་”གྱི་འགྲུལ་སྐྱེལ་མེ་འཁོར་Z8803

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་བོད་ལྕགས་ལམ་ཀུང་སིས2017ལོའི་ཟླ7པའི་ཚེས23ཉིན། “ལྷ་ས་—གཞིས་རྩེ་”བར་གྱི་ཐང་དང་རྒྱ་གར་གནའ་ལམ་ཡུལ་སྐོར་རྟགས་ཅན་གྱི་ཆེད་གཏོང་མེ་འཁོར་བཏང་ཚུན། ལྕགས་ལམ་ཡུལ་སྐོར་སྤུས་རྟགས་དང་ཞབས་ཞུའི་སྤུས་ཚད་སྔར་བས་ཇེ་ལེགས་དང་། ལྷ་ས་ནས་གཞིས་རྩེའི་ལམ་རྒྱུད་ཀྱི་ཡུལ་སྐོར་སྐྱེལ་འདྲེན་གྱི་ནུས་པ་ཇེ་མཐོར་ཕྱིན་པས། ལྕགས་ལམ་ཡུལ་སྐོར་ཀྱིས་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་དེ་བཞིན་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་གཅིག་གྱུར་བཀོད་སྒྲིག་འོག ཚོགས་ཆེན་བཅུ་དགུ་པའི་རྗེས་སུ། མཚོ་བོད་ལྕགས་ལམ་ཀུང་སིས་བོད་ཀྱི་ཡུལ་སྐོར་ལས་རིགས་ཀྱི་མཉམ་ལས་སྔར་བས་ཆེ་རུ་གཏོང་བ་དང་། བོད་ཀྱི་ཡུལ་སྐོར་སྡེ་ཚན་དང་ཐུན་མོང་ཐོག་“ཡུལ་སྐོར་+ལྕགས་ལམ་”གཅིག་འདུས་ཐོན་རྫས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། མཚོ་བོད་ལྕགས་ལམ་གྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་སྤུས་རྟགས་ནུས་ཤུགས་ཡོད་རྒུས་གསར་གཏོད་བྱས།  ད་ལོའི་ཟླ་7ཚེས་1ཉིན་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་མཉམ་འབྲེལ་གྱིས་“ཟི་ལིང་—གཞིས་རྩེ་”བར་གྱི་ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན་སྤུས་རྟགས་མེ་འཁོར་དང་། “ལྷ་སར་—ནག་ཆུ་”བར་གྱི་ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན་གྱི་གྲོང་ཁྱེར་བར་གྱི་མེ་འཁོར་སྤུས་རྟགས་ཤར་གཏོང་བྱས། བོད་ལྗོངས་ཀྱི་ཡུལ་སྐོར་བ་མང་པོའི་དུས་ཚིགས་ཀྱི་ཁྲོམ་ར་གསར་སྤེལ་ལ་སྐུལ་འདེད་ཐེབས་པ་དང་། ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ཀྱི་ཡུལ་སྐོར་དམིགས་འབེན་ལས་འགན་ལོ་གཉིས་ཀྱི་སྔ་སྣུར་དུ་ཚད་བརྒལ་ལེགས་གྲུབ་འབྱུང་བར་འདེགས་སྐྱོར་ནུས་ལྡན་ཐུབ།

W020180627350891461635.jpg

ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན་གྱི་མེ་འཁོར་ཐོག་གི་ཟ་ཁང་།

མིག་སྔར། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་ཀྲུང་གོའི་མཚོ་བོད་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་མཇལ་འཛོམས་གནང་། ཏུང་ཧྲི་ཀྲང་ཝང་ཧྲི་དང་བཅས་པ་ཐུག་འཕྲད་གནང་སྐབས་ནན་བཤད་གནང་དོན། ཡུལ་སྐོར་ནི་བོད་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་གཙོ་ཁྲིད་ཐོན་ལས་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་གིས་སྔར་ནས་བཟུང་ཡུལ་སྐོར་ལས་རིགས་ལ་ཚད་མཐོའི་མཐོང་ཆེན་དང་། མཚོ་བོད་ལྕགས་ལམ་བསྐྲུན་ནས་ཤར་གཏོང་བྱས་པས་བོད་ཀྱི་བྱ་གཞག་ཁག་གི་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་ཐེབས་པ་དང་། “ བོད་དུ་སྐྱོད་དཀའ་བ་”དང་“བོད་ནས་ཐོན་དཀའ་བའི་”གནད་དོན་ ཐག་གཅོད་ནུས་ལྡན་བྱས།  བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་ཐོན་པ་མངོན་གསལ་དོད་དུ་སོང་ཡོད། ཁོང་གིས་བླང་བྱ་བཏོན་པར། བོད་རང་སྐྱོང་ལྗོངས་ལ་དོ་ཟླ་བྲལ་བའི་རང་བྱུང་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་ཡོད་པ་བེད་སྤྱོད་བྱ་དགོས། ཁྱད་ཆོས་ལྡན་པའི་ལྕགས་ལམ་ཡུལ་སྐོར་ཐོན་རྫས་སྔར་ལས་ལྷག་པ་གསར་སྤེལ་བྱ་དགོས་པ་དང་། དགེ་མཚན་དང་ཁྱད་ཆོས་ལྡན་ཞིང་སྔོན་ཁྲིད་ཐོན་ལས་ཏེ། ཡུལ་སྐོར་ལས་རིགས་དེ་རྒྱ་ཆེ་ཤུགས་ཆེར་སྤེལ་ནས་བོད་དང་མེས་རྒྱལ་ནང་སའི་བར་གྱི་སྤེལ་རེས་དང་འགྲོ་འོང་། མཉམ་འདྲེས་བཅས་ཀྱི་ལས་གཞི་ཆེན་པོ་འདི་ལེགས་པར་བསྒྲུབ་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།