གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཆེད་གཉེར་གདན་ཞུ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕྱོགས་ཡོངས་ནས་སློབ་ཆེན་སློབ་མའི(འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ)ལས་ཞུགས་བྱ་བ་མངོན་འགྱུར་བྱ་ཆེད། ཉེ་སྔོན་གཞིས་ཀ་རྩེ་གྲོང་ཁྱེར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས2018ལོའི་ཆེད་གཉེར་གདན་ཞུ་ཚོགས་འདུ་བསྡུས།

ཐེངས་འདིའི་གདན་ཞུ་ཚོགས་འདུའི་ཐོག་མཐོ་སློབ་མཐར་ཕྱིན་སློབ་མ་དང་། འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ། དེ་དང་ཆབས་ཅིག་རིགས་སོ་སོའི་ལག་རྩལ་མི་སྣ་དང་གྲོང་ཁྱེར་དུ་ཞོར་ལས་གཉེར་བཞིན་པའི་རོང་འབྲོག་པ་དང་། ལས་ཤོར་མི་སྣ། དབང་བོ་སྐྱོན་ཅན་དང་། ལས་ཞུགས་སྟོང་ཁྱིམ་སོགས་ལས་ཞུགས་དཀའ་ངལ་ཡོད་པའི་མི་རྣམསལ་དམིགས་ཏེ། བསྡོམས་པས་ལས་ཞུགས་ལས་གནས1085འདོན་སྤྲོད་བྱས་ཡོད་དེ། དེའི་ནང་ནོར་དོན་རྩིས་གཉེར་བ་དང་། བྱིས་གཉོར་དགེ་རྒན། ཇ་མ་སོགས་ལས་སྣ20ལྷག་འདས་ཡོད། བསྡོམས་པས་ལས་ཀ་འཚོལ་མཁན་མི600ལྷག་ཐེངས་འདིའི་གདན་ཞུ་ཚོགས་འདུ་ཞུགས་ཡོད་ཅིང་། མི241ཡིས་ཁེ་ལས་བར་དང་ལས་ཞུགས་འདོད་མོས་ཐད་ཀྱི་གྲོས་འཆམ་བྱུང་།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།