ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བཟའ་བཅའ་སྨན་རྫས་ལྟ་སྡོམ་ཅུས་ཀྱིས་བཟའ་བཅའི་བདེ་འཇགས་དོ་དམ་རམ་འདེགས་པར་གསོ་སྦྱོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བཟའ་བཅའི་བདེ་འཇགས་དོ་དམ་རམ་འདེགས་པའི་ལས་ཀའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ལས་ཀ་ཡག་པོ་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བཟའ་བཅའ་སྨན་རྫས་ལྟ་སྡོམ་ཅུས་ཀྱི་ཁྲིམས་འཛིན་མི་སྣས་ཁོངས་གཏོགས་ཁུལ་གྱི་རྔ་ཆེན་ཤང་དང་། གླིང་ཕྲན་གཉིས་ཁྲོམ་གཞུང་དོན་གཅོད་ཁྲུའུ། བར་སྐོར་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཅས་ཀྱི་བཟའ་བཅའི་དོ་དམ་རམ་འདེགས་པར་བཟའ་བཏུང་ཚན་པའི་བཟའ་བཅའི་བདེ་འཇགས་ཀྱི་ཤེས་བྱའི་འཆད་ཁྲིད་དང་སྤེལ་རེས་ཀྱི་ལས་དོན་སྤེལ་བ་རེད།

ད་ཐེངས་ཀྱི་འཆད་ཁྲིད་ཐོག སློབ་ཚན་ཁྲིད་པ་དང་སློབ་སྦྱོང་གི་ཡིག་ཆ་སྤྲོད་པ་དེ་བཞིན་བརྙན་པར་སྟོན་པ་སོགས་ཀྱི་ཐོག་ནས་བཟའ་བཅའི་བདེ་འཇགས་ཤེས་བྱ་དང་བདེ་འཇགས་དོ་དམ་རམ་འདེགས་པའི་ཉིན་རེའི་ལས་ཀའི་གཙོ་གནད་ལ་དམིགས་ནས་གསོ་སྦྱོང་དང་། བཟའ་བཅའི་བདེ་འཇགས་དོ་དམ་རམ་འདེགས་པའི་ལས་ཀའི་འགན་ནུས་ནན་བཤད་བྱས་ནས། དོ་དམ་རམ་འདེགས་པས་བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། རྩིས་ཁྲ་བཟོ་བ། ཆ་འཕྲིན་སྙན་ཞུ། ཁྲིམས་འཛིན་བྱེད་རོགས། དྲིལ་བསྒྲགས་ཁྲིད་སྟོན་སོགས་ཀྱི་ལས་ཀ་ནན་ཏན་ངང་བསྒྲུབས་ཏེ། ཁོངས་གཏོགས་ཁུལ་གྱི་བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཡོངས་ཀྱི་གནས་ཚུལ་འཕྲལ་མར་ཁོང་དུ་ཆུད་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ད་ཐེངས་ཀྱི་གསོ་སྦྱོང་བརྒྱུད། ཁྲེང་ཀོན་ཆུས་ཀྱི་བཟའ་བཅའི་བདེ་འཇགས་དོ་དམ་རམ་འདེགས་པའི་ལས་ཀའི་འགན་འཁྲི་སྔར་བས་ཁ་གསལ་དང་། འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཁར། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་ཕྱིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།