སི་ཁྲོན་དཀར་མཛེས་ཁུལ་ལི་ཐང་གི་ཁྱད་ལྡན་ཞིམ་ཟས་འགྲན་བསྡུར་སྐབས་དང་པོར་ལྟད་མོ་ཧ་ཅང་ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ས་མཐོའི་ཞིམ་ཟས་ཟ་བཞིན། ལི་ཐང་གི་བྲོ་བ་མྱོང”ཞེས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལི་ཐང་རྫོང་གི་ཁྱད་ལྡན་ཞིམ་ཟས་འགྲན་བསྡུར་སྐབས་དང་པོ་སྤེལ་འགོ་བཙུགས་པ་དང་། འགྲན་བསྡུར་བྱེད་སྒོ་དེས་མང་ཚོགས་དང་ཨར་ཁང་གི་ལས་བྱེད་མི་སྣ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ནས་དེའི་ནང་ཞུགས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལི་ཐང་རྫོང་གི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བཏུང་རིག་གནས་སྔར་ལས་ལེགས་པོའི་སྒོ་ནས་སྔོག་འདོན་དང་ལེགས་སྒྲིག མཐོར་འདེགས། དར་སྤེལ་བཅས་གཏོང་བ་དང་། ཞིམ་ཟས་ཡུལ་སྐོར་གྲོང་ཁྱེར་གྱི་སྣང་བརྙན་གསར་དུ་བསྐྲུན་པ། ལུགས་མཐུན་བདེ་ཐང་གི་འཚོ་བའི་ཁོར་ཡུག་དང་བཟའ་བཏུང་གི་གོམས་གཤིས་ཁྱབ་སྤེལ་གཏོང་བ། བདེ་ཐང་གི་བཟའ་བཏུང་འདུ་ཤེས་འཛུགས་སྐྱོང་བྱེད་པ། བདེ་ཐང་ཞི་མཐུན་ཡོང་བར་དགེ་མཚན་ལྡན་པའི་བཟའ་བཏུང་རིག་གནས་ཀྱི་སྣང་ཚུལ་བསྐྲུན་པ་བཅས་ཀྱི་ཆེད་དུ། ས་གནས་དེ་གས་ད་ཐེངས་ཀྱི་ཁྱད་ཆོས་ལྡན་པའི་ཞིམ་ཟས་འགྲན་བསྡུར་དེ་སྤེལ་ཡོད།

ད་ཐེངས་ཀྱི་ཁྱད་ལྡན་ཞིམ་ཟས་འགྲན་བསྡུར་ལ་ལྟད་མོ་ཆེན་པོ་ཡོད་པ་དེ། ས་གནས་དེ་གའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞིམ་ཟས་ཙམ་མ་ཟད། ད་དུང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞིམ་ཟས་རིག་གནས་ཀྱང་སྔོག་འདོན་གང་ལེགས་བྱས་ཤིང་། ཞིམ་ཟས་རིག་གནས་ཀྱི་སྤུས་རྟགས་སྐྱེད་སྲིང་བྱེད་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན། སླད་ཕྱིན་ལི་ཐང་རྫོང་གིས་ད་དུང་ལོ་ལྟར་ཁྱད་ཆོས་ལྡན་པའི་ཞིམ་ཟས་འགྲན་བསྡུར་ཐེངས་རེར་སྤེལ་ནས། ཟམ་མི་ཆད་པར་བཟའ་བཏུང་རིག་གནས་ཀྱི་སྤུས་རྟགས་སྐྱེད་སྲིང་དང་། ཞིམ་ཟས་ཡུལ་སྐོར་གྲོང་ཁྱེར་གྱི་སྣང་བརྙན་བསྐྲུན་ཏེ། “ཡུལ་སྐོར།+ཟས་ཞིམ་རིག་གནས”ཀྱི་བདེ་ཐང་གོང་སྤེལ་གྱི་ལམ་བུ་སྐུལ་འདེད་གཏོང་རྒྱུ་ཡིན་འདུག

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།