ཀྲང་ལིས་ཀྱིས་མདོ་ལ་རྫོང་གི་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལིས་མདོ་ལ་རྫོང་དུ་སོང་ནས་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱ་བར་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་འཛུགས་སྐྲུན་དེ་སྤྱི་ཚོགས་བཅོས་སྐྱོང་གི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་པ་དང་། སྲིད་གཞུང་དང་ཚོང་ར། སྤྱི་ཚོགས་བཅས་ཀྱི་མཉམ་དུ་ཤུགས་འདོན་པ་རྒྱུན་འཁྱོངས་བྱེད་པ། ཧུར་ཐག་གིས་སྙིང་བོ་གཅིག་དང་རིགས་སྣ་མང་བའི་བཅོས་སྐྱོང་གི་མ་དཔེ་གསར་བ་གྲུབ་པར་བྱས་ཏེ། སྤུད་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བ་དང་སྤུས་ལེགས་འཚོ་བ་བསྐྲུན་པའི་ཐད་སྤྱི་ཚོགས་ཁོར་ཡུག་ལེགས་པོ་བསྐྲུན་དགོས་ཟེར།

ཀྲང་ལིས་མདོ་ལ་རྫོང་གི་པ་པོ་གྲོང་རྡལ་དང་རྫ་དམར་ཞང་། མདོ་ལ་རྫོང་སྲིད་འཛིན་ཞབས་ཞུའི་ལྟེ་གནས། རྫོང་ངལ་རྩོལ་འགན་སྲུང་ལྟ་ཞིབ་རུ་ཁག རྫོང་སྤྱི་མཐུན་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་བཅས་སུ་སོང་ནས། རྫོང་དང་ཞང་། སྡེ་བའི་ལས་བྱེད་པ་དང་གཞིས་ཁུལ་གྱི་སྡོད་དམངས་བཅས་དང་བཞུགས་མོལ་བྱས་ནས། ཉམས་མྱོང་སྤྱི་སྡོམ་དང་གནད་དོན་དབྱེ་ཞིབ་བྱས་པ་དང་། བཅོས་སྐྱོང་བྱེད་ཐབས་ལ་ཞིབ་འཇུག་བྱས།

ཀྲང་ལིས་ཀྱིས། མདོ་ལ་རྫོང་གིས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་སྤྱི་ཚོགས་བཅོས་སྐྱོང་གནད་དོན་ཐག་གཅོད་པའི་རྩ་བཅོས་སྲིད་ཇུས་སུ་བྱེད་པ་དང་། འཕེལ་རྒྱས་སུ་གཏོང་བར་བརྟེན་ནས་མང་ཚོགས་ཀྱི་ཞུ་གཏུག་དང་དཀའ་ཁག་ཐག་གཅོད་པར་སྐུལ་འདེད་གཏོང་བ། མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱེད་དགོས། མཉམ་འཛུགས་མཉམ་སྐྱོང་དང་མཉམ་སྤྱོད་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་ཕྱོགས་སོ་སོ་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱེད་པ་དང་སྐུལ་མ་བཏང་སྟེ། སྲིད་གཞུང་གིས་བཅོས་སྐྱོང་དང་སྤྱི་ཚོགས་ཀྱིས་ལེགས་སྒྲིག སྡོད་དམངས་ཀྱིས་རང་སྐྱོང་བྱེད་པའི་མཉམ་འཛུགས་རྣམ་པ་གྲུབ་པར་བྱེད་དགོས། སྲིད་ཇུས་ལག་བསྟར་ལོ་དང་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ལོའི་བཀོད་སྒྲིག་ལ་ཟུང་འབྲེལ་བྱེད་པ་དང་། ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་དམ་ཟབ་ཏུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཁས་ལེན་འདུ་ཤེས་དང་ཐོབ་ཚོར། བདེ་སྐྱིད་ཀྱི་ཚོར་བ་ཇེ་དྲག་ཏུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།