ཡུལ་ཤུལ་ཁུལ་གྱི་ལས་རིགས་སོ་སོས་ཡུལ་ཤུལ་ལ་ས་འགུལ་བྱུང་ནས་ལོ་དགུ་འཁོར་བར་རྗེས་དྲན་བྱ་འགུལ་སྤེལ།

1124367215_15552932540531n.png

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས14ཉིན། ཡུལ་ཤུལ་ལ་ས་འགུལ་བྱུང་བའི་ལོ་དགུ་འཁོར་བ་དང་རྒྱས་བཟང.བསོད་ནམས་དར་རྒྱས་ལ་སློབ་སྦྱོང་བྱེད་པའི་དྲིལ་བསྒྲགས་ལོའི་བྱ་འགུལ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དྲིན་གཟོ་ཐང་ཆེན་དུ་སྤེལ། ཐེངས་འདིའི་བྱ་འགུལ་ནི“བཅོས་བསྒྱུར་གདོང་ལེན་པར་གུས་འདུད་ཞུ་བ་དང་ཁོར་སྲུང་མེས་པོར་སློབ་སྦྱོང་བྱེད་པ“བརྗོད་དོན་བྱས་ཏེ། དམིགས་ཡུལ་ནི་རྒྱས་བཟང.བསོད་ནམས་དར་རྒྱས་གཙོ་ཡིན་པའི་ལས་ལ་བརྩོན་ཞིང་། ཁོར་སྲུང་ལ་བྱས་རྗེས་བཞག་དང་འཇོག་བཞིན་པའི་ལས་བྱེད་པའི་མཛད་རྒྱས་དར་སྤེལ་བཏང་སྟེ། ཡུལ་ཤུལ་གསར་བའི་སྐྱེ་ཁམས་སྲུང་སྐྱོང་བྱ་བར་སྐུལ་འདེད་བྱེད་རྒྱུ་དེ་ཡིན།

1124367215_15552932738771n.png

ལོ་དགུའི་ནང་།  ས་འགུལ་དང་བསྐྱར་སྐྲུན་ཁྲོད་འཚར་ལོངས་བྱུང་བའི་གནོད་ཕྱིའི་བསྐྱར་སྐྲུན་སྙིང་སྟོབས་ནི་ཡུལ་ཤུལ་ཁུལ་གྱི་ཁྱིམ་རྒྱུད་ནོར་བུ་རྩ་ཆེན་ཡིན་ལ། དེས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་མཚོ་སྔོན་གསར་བའི་སྙིང་སྟོབས་འགྲེལ་བཤད་བྱས་ཡོད། ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཐོབ་པའི་ཡུལ་ཤུལ་གྱི་མི་བཟང་དག་གིས་འཕེལ་རྒྱས་ལ་བརྩོན་པ་དང་བབ་ཆགས་གཤིས་བཟང་གི་ཀུན་སྤྱོད་དར་སྤེལ་དུ་བཏང་ཡོད་པ་དང་། ཏང་འཛུགས་སྐྱོང་དང་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་ཟུང་དུ་འབྲེལ་བའི”ཡུལ་ཤུལ་གྱི་ཉམས་མྱོང་དང་། ། “དམངས་དམག+ཡུལ་ཤུལ་གྱི་བྱེད་ཐབས། ཡུལ་ཤུལ་གྲོང་ཁྱེར་གྱི་རྒྱལ་ཡོངས་འཕྲོད་བསྟེན་གྲོང་ཁྱེར་དེ་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་དུ་བསྒྱུར་བ། ཡུལ་ཤུལ་ཁུལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དུ་བསྐྲུན་པ་སོགས་མངོན་མེད་སྟོབས་ཤུགས་རབ་དང་རིམ་པ་ཇེ་ཆེར་ཕྱིན་ནས་ཡུལ་ཤུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཇེ་མགྱོགས་སུ་སོང་བ་དང་དུས་མཚུངས་སུ་བསམ་པའི་མཛད་རྗེས་རྡོ་རིང་མང་པོ་ཞིག་བསྐྲུན་ཡོད་པ་རེད། ། རྒྱས་བཟང.བསོད་ནམས་དར་རྒྱས་ནས་དབང་དགའ། ཝང་ཁྲེང་ཡོན་སོགས་དཔའ་བོའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཏེ་ཡུལ་ཤུལ་གྱི་དུས་རབས་གསར་པའི་མདུན་སྐྱོད་ཀྱི་དར་ཆ་ཞིག་ཏུ་གྱུར་ཡོད། 

བྱ་འགུལ་སྤེལ་བའི་ཉིན་དེར། 《རྒྱས་བཟང.བསོད་ནམས་དར་རྒྱས་ལ་སློབ་སྦྱོང་བྱེད་པའི་ཆོད་དོན》དང《རྒྱས་བཟང.བསོད་ནམས་དར་རྒྱས2019ལོའི་ཡུལ་ཤུལ་མི་བཟང་ལ་རྗེས་སུ་ཁས་ལེན་བྱེད་པའི་ཆོད་དོན 》    དྲིལ་བསྒྲགས་བྱས་པ་དང་། ཡུལ་ཤུལ་ཁུལ་གྱི་ལས་བྱེད་མི་སྣ12000ལྷག་རྗེས་དྲན་བྱ་འགུལ་སྟེང་ཞུགས་ཡོད།    །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།