མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས2019ལོའི་ཁུ་ནུ་སློབ་ཁྲིད་སྐབས་གཉིས་པ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་ལས་བྱེད་པའི་དྲ་ཚིགས་སློབ་གླིང་གིས་འགན་སྒྲུབ་བྱས་པའི། 2019ལོའི་ཁུ་ནུ་སློབ་ཁྲིད་སྐབས་གཉིས་པ་མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་ནས་སྤེལ་བ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཟི་ལིང་གྲོང་ཁྱེར་གྱི་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་སུམ་བརྒྱ་ལ་ཉེ་བས་ཐེངས་འདིའི་སློབ་ཁྲིད་ལ་ཉན།

རྒྱུས་ལོན་བྱུང་བ་ལྟར་ན། ཁུ་ནུ་སློབ་ཁྲིད་ཀྱིས་མ་འོངས་པའི་དུས་ཡུན་ནང་དུ། པེ་ཅིན་སློབ་ཆེན་དང་ཆིན་ཧྭ་སློབ་ཆེན་སོགས་རྒྱལ་ནང་གི་མིང་གྲགས་ཆེ་བའི་སློབ་ཆེན་ཁག་དང་མཚོ་སྔོན་གྱི་ཆེད་མཁས་པའི་ཐོན་ཁུངས་བེད་སྤྱད་དེ། དུས་ཡུན་ངེས་གཏན་ནང་སློབ་ཁྲིད་ཀྱི་བྱ་འགུལ་རབས་དང་རིམ་པ་སྤེལ་ནས། མཚོ་སྔོན་གྱི་རྒྱ་ཆེ་བའི་ལས་བྱེད་པའི་མཐོང་རྒྱ་ཐོས་རྒྱ་ཆེ་རུ་བསྐྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།