མིག་སྔའི་བར་དུ་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་བརྒྱ་ཆའི་བརྒྱད་ཅུའི་ཡན་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་སྒྲུབ་པ་ནས་བཟུང་། རང་ཞིང་གིས་གསར་སྤེལ་གྱི་རྣམ་པས་དབུལ་སྐྱོར་བྱེད་པ་དེ་དབུལ་ཕོངས་མང་ཚོགས་བརྟན་འཇགས་ཀྱི་ཁྲོད་ནས་དབུལ་ཐར་ཡོང་པའི་རྨང་གཞི་བྱས་ཏེ། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་དང་དཀའ་ཁག་ཆེ་བའི་སྡེ་བའི་འཕེལ་རྒྱས་ནུས་པ་མཐོ་རུ་བཏེགས་ནས། དབུལ་ཕོངས་མང་ཚོགས་ཀྱི་ངལ་རྩོལ་ནུས་པ་དེ་ལས་ཞུགས་བྱེད་ཐབས་སུ་སྒྱུར་པ་དང་། ས་གནས་ཀྱི་གནས་ཚུལ་དངོས་ལ་གཞིག་ནས་བྱེད་ཐབས་ལག་བསྟར་བྱས་ཏེ། མིག་སྔའི་བར་དུ་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་བརྒྱ་ཆའི་བརྒྱད་ཅུའི་ཡན་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཡོད།

རང་ཞིང་གིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་རྒྱུན་འཁྱོངས་དང་། ཁྱིམ་ཚང་དང་སྡེ་བ། རྫོང་བཅས་ཀྱི་དབུལ་སྐྱོར་ཐོན་ལས་མ་ལག་ཧུར་ཐག་གིས་གསོ་སྐྱོང་བྱས་ནས། ཁྱད་ལྡན་གསོ་སྤེལ་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས། སྐྱེ་ཁམས་རིག་གནས་ཡུལ་སྐོར་ལས་རིགས། མི་རིགས་ཁྱད་ལྡན་ལག་ཤེས་བཟོ་ལས་དང་ནུས་ཁུངས་གསར་པ་སོགས་དབུལ་སྐྱོར་ལ་སྣེ་ཁྲིད་བྱེད་པའི་ཐོན་ལས་ལྔ་ཤུགས་ཆེན་པོས་དར་སྤེལ་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་སྐྱོར་གསར་སྤེལ། དམངས་འཚོ་བཅོས་སྒྱུར་བཅས་ཀྱི་ཕྱོགས་མང་རྒྱལ་ཁ་མངོན་འགྱུར་བྱུང་།

རྒྱུས་ལོན་པ་ལྟར་ན། ལོ་ངོ་གསུམ་ལྷག་གི་འཕེལ་རྒྱས་བརྒྱུད་ནས། རང་ཞིང་གིས་རྫོང་རིམ་པའི་དབུལ་སྐྱོར་ཐོནལས་ར་བ་སོ་དགུ་དང་། དབུལ་ཕོངས་སྡེ་བ་ཆིག་སྟོང་དྲུག་བརྒྱ་ཉེར་གཉིས་ལ་མ་དངུལ་ཟབ་རེས་དང་། ཉི་འོད་ནུས་པའི་ཐོན་ལས་ལས་གཞིའི་རྣམ་གྲངས་རེག་པ་དང་། དབུལ་ཕོངས་མི་གྲངས་སྟོང་བཞི་དང་ཉེར་བཞི་ལ་སྲིད་འཛིན་འདུས་སྡོད་སྡེ་བའི་ཐུན་མོང་དཔལ་འབྱོར་རོགས་སྐྱོར་གྱི་མ་རྩ་སྟེར་བ། དབུལ་ཕོངས་མི་འབོར་འབུམ་བཞི་དང་ཁྲི་བཞི་ལྷག་ལ་ཐོན་ལས་རོགས་སྐྱོར་གྱི་མ་དངུལ་རོགས་འདེགས་བྱས་ནས། ཁྱིམ་ཚང་ནས་སྡེ་བ་དང་། སྡེ་བ་ནས་རྫོང་གི་བར་གྱི་ཐོན་ལས་དབུལ་སྐྱོར་གྱི་མ་ལག་ཅིག་ཡོངས་སུ་གྲུབ་པར་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།