རྒྱལ་ཡོངས་ཀྱི་ལས་རིགས་སློབ་གསོའི་བཅོས་སྒྱུར་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་རྗེས། ཞིང་ཆེན་སྲིད་གཞུང་གིས་ཚོགས་འདུ་བསྡུས་ནས་དངོས་འབེབ་བྱ་བར་བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་བཞི་ཉིན། རྒྱལ་ཡོངས་ཀྱི་ལས་རིགས་སློབ་གསོའི་བཅོས་སྒྱུར་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་རྗེས། ཞིང་ཆེན་སྲིད་གཞུང་གིས་ཚོགས་འདུ་བསྡུས་ནས་དངོས་འབེབ་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཧྲིན་ཀྲང་གཞིན་པ་ཝང་ཡུས་པོ་ཡིས་གཏམ་བཤད་ནས། ལས་རིགས་སློབ་གསོ་ནི་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པའི་སློབ་གསོ་ཡིན་ལ། ལས་རིགས་དར་རྒྱས་དང་འཇོན་མི་སྐྱེད་སྲིང་བྱེད་པའི་སློབ་གསོ་རེད། དམིགས་འབེན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་བཅོས་སྒྱུར་གྱི་ཐབས་ལམ་སྐྱོང་ཤེས་བྱས་ཏེ། ལས་རིགས་སློབ་གསོའི་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤུས་ལེགས་འཇོན་མིའི་ཐོན་ཁུངས་འདོན་སྤྲོད་བྱེད་དགོས་ཟེར། ཝང་ཡུས་པོ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་ནན་མོ་དང་། ཙུང་ལི་ལི་ཁུ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་ཤེས་རྟོགས་རྣལ་མ་བྱས་ཏེ། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་རིགས་སློབ་གསོའི་བཅོས་སྒྱུར་གྱི་བཀོད་སྒྲིག་གལ་ཆེན་དངོས་འབེབ་བྱེད་པ་དེ་ཞིང་ཆེན་གྱི་གནས་བབ་དངོས་ལ་གཞིག་ནས། ཞིང་ཆེན་ཡོངས་ཀྱིས་ལས་རིགས་སློབ་གསོ་ཅི་ཞིག་སྒྲུབ་པ་དང་། ཇི་ལྟར་སྒྲུབ་པ། སུ་ཞིག་གིས་སྒྲུབ་པ་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱས་ནས། ཤུགས་ཆེན་པོས་ལས་རིགས་སློབ་གསོའི་དེང་རབས་ཅན་གྱི་སྤུས་ཚད་མཐོན་པོར་འཕེལ་རྒྱས་སུ་གཏོང་པར་སྐུལ་འདེད་བྱེད་དགོས་ཟེར།

ཝང་ཡུས་པོ་ཡིས་ནན་གྱིས་བསྟན་དོན། ལངས་གནས་མཐོན་པོ་རུ་འགྲེང་སྟེ་ལས་རིགས་སློབ་གསོའི་ཁྱད་འཕགས་བྱེད་ནུས་དང་རིན་ཐང་ལ་ངོས་ཟིན་གཏིང་ཟབ་བྱེད་དགོས། སྒྲིག་གཞི་རྒྱ་སྐྱེད་པ་དང་། སྣེ་ཁྲིད་ལ་ཤུགས་སྣོན་པ། དྲིལ་སྒྲོག་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་བཏང་ནས། མཁར་གྲོང་གི་ངལ་རྩོལ་ནུས་པས་ལས་རིགས་སློབ་གསོ་དང་ལེན་བྱེད་དུ་འཇུག་དགོས། བཅོས་སྒྱུར་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་རྒྱལ་ཁབ་ལས་རིགས་སློབ་གསོའི་བཅོས་སྒྱུར་ལག་བསྟར་བྱེད་ཕྱོགས་དངོས་འབེབ་བྱེད་པ་དང། རིག་ལམ་གྱི་འདུ་ཤེས་ཆགས་པར་བྱས་ནས། ལམ་ལུགས་སྒྲིག་འཛུགས་དང་། སློབ་སྒྲུབ་བྱེད་ཐབས་བཅོས་སྒྱུར་གྱི་གསར་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོར་འདེགས་དང་ཆེད་ལས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཆེད་གཉེར་ནང་དོན་གསབ་སྦྱོང་བྱས་ཏེ། དགེ་རྒན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། འགན་སྲུང་ལ་ཤུགས་བསྣན་ནས། ཏང་གིས་ལས་རིགས་སློབ་གསོའི་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་དང་། ནོར་སྲིད་གཏོང་ཚད་ཆེ་རུ་བཏང་ནས། སྤྱི་ཚོགས་ཀྱི་སློབ་སྒྲུབ་སྣ་མང་རང་བཞིན་ལ་སྐུལ་འདེད་བཏང་ནས། ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།