མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས།

མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས།

ཕྱི་རྒྱལ་གྱི་ཚོང་པས་མ་རྐང་འཇོག་པའི་མ་ཟིན་ཡིག་ཆར་བཟོ་བཅོས་དང“ཆེས་མཐོ་གཉིས”ཀྱི་བྱ་བའི་སྙན་ཞུར་གྲོས་ཞིབ་མཛད་ཅིང་། ཝང་ཅན་ཅོན་དང་ལིག་ཉིང་གིས་གསུང་བཤད་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས12ཉིན་གྱི་ཕྱི་དྲོ་ནས་ཚེས13ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས། ཕྱི་རྒྱལ་གྱི་ཚོང་པས་མ་རྐང་འཇོག་པའི་མ་ཟིན་ཡིག་ཆར་བཟོ་བཅོས་དང་། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་མཛད། ཝང་ཅན་ཅོན། ལིག་ཉིང་། ཧྭན་ཞའོ་ཝུའུ།  ཐིན་ཅ་ཚའེ། ཝང་ཡུས་པའོ། ཀྲང་ཀོང་རོང་སོགས་ཀྱི་འཐུས་མིས་གཏམ་བཤད་སྤེལ། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གཞོན་པ་ལིས་ཧྲོ་ཕེན། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་རིམ་པ་གཞོན་པའི་ཆེད་གཉེར་ལས་འཛིན་པའི་ཨུ་ཡོན་ཀྲང་ཀྲི་ཅེ་གྲོས་ཞིབ་ཚོགས་འདུ་ལ་ཞུགས་པ་མ་ཟད། འཐུས་མི་དག་གི་གཏམ་བཤད་བསམ་འཆར་ལ་ཉན། ཞིང་ཆེན་རིམ་པའི་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཁྲིན་མིན་གོ་དང་།   ཞིང་ཆེན་རིམ་པའི་མཐོ་རིམ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་མིན་ཡོང་ཧྲན་གཉིས་ཀྱིས་ཆེས་མཐོ་བའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་བའི་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་བྱས་ནས་ཕྱོགས་སོ་སོའི་འཐུས་མིའི་བསམ་འཆར་དང་བསམ་ཚུལ་ལ་ཉན།

ཝང་ཅན་ཅོན་གྱིས“ཆེས་མཐོ་གཉིས”ཀྱི་སྙན་ཞུ་ནང་ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལག་ལེན་མཐའ་འཁྱོངས་དང་།《ཀྲུང་གོ་གུང་ཁྲན་ཏང་སྲིད་ཁྲིམས་བྱ་བའི་སྲོལ་ཡིག》དོན་འཁྱོལ་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་ལ་བརྩི་སྲུང་། དམངས་ཆེན་འཐུས་མིར་བརྩི་བཀུར། བཅའ་ཁྲིམས་ལ་བརྩི་སྲུང་། ལས་འགན་ལ་བརྩི་སྲུང་བྱས་པ་མངོན་པར་མཚོན་ཡོད་པར་བསྟན།

ལིག་ཉིང་གིས་ན་ནིང་གི“ཆེས་མཐོ་གཉིས”ཀྱི་བྱ་བའི་སྙན་ཞུ་ནི་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་བའི་གྲོས་ཚོགས་ཐེངས་གཉིས་པ། ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱས་ཏེ།  སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་ཞུ་དང་སྲིད་ཁྲིམས་ཀྱིས་དམངས་ལ་ཞབས་ཞུ་བྱེད་པའི་རྩ་དོན་ལག་བསྟར་བྱས་པ་དང་། དུས་ལྟར་སྤྱི་ཚོགས་ཀྱི་གནད་དོན་ཐག་གཅོད་བྱས་ཤིང་། བྱེད་ཐབས་སྣ་མང་སྤྱད་དེ་སྲིད་ཁྲིམས་ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་བཅད་ལ། ཡུན་རིང་བོར་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་པས། འདྲི་གཅོད་དང་ཞིབ་དཔྱོད་བྱ་བར་འཕེལ་རྒྱས་གསར་བ་བླངས་ཡོད་པར་བསྟན།

 ཧྭན་ཞའོ་ཝུའུ་ཡིས།“ཆེས་མཐོ་གཉིས ”ཀྱི་བྱ་བའི་སྙན་ཞུ་ནི་ཧ་ཅང་བཟང་སྟེ། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཤིང་། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་གྲགས་རང་བཞིན་དང་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོབ་བྱས་པ་དང་། ལྟེ་བར་སྲུང་སྐྱོང་གདང་བློ་དཀར་ཡང་དག་གི་ཆབ་སྲིད་རང་འགུལ་ལག་ལེན་དོན་འཁྱོལ་བྱས་ཡོད་ལ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བསམ་བློ་ལག་བསྟར་དོན་འཁྱོལ་བྱས་ཡོད་པར་བསྟན།

ཐིན་ཅ་ཚའེ་ཡིས། “ཆེས་མཐོ་གཉིས ”ཀྱི་བྱ་བའི་སྙན་ཞུ་ལ་ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱིས་མཛུབ་སྟོན་གནང་ཡོད་པ་དང་། ཏང་གིས་སྲིད་ཁྲིམས་བྱ་བར་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། ཡང་དག་པའི་སྒོ་ནས་དུས་རབས་གསར་བ་དང་བླང་བྱ་གསར་བར་ངོས་འཛིན་བྱས་ཏེ། གཙོ་གནད་འབུར་དུ་ཐོན་པ་དང་། ནང་དོན་ཕུན་སུམ་ཚོགས་པ། གནད་དོན་ལ་ཐད་ཀར་དམིགས་པ། དཀའ་གནད་སེལ་བ་དང་། མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་རེ་སྙེག་གསར་བ་བྱེད་པའི་འདོད་བློ་དང་བསྟུན་ཡོད་པས་རང་ཉིད་ཀྱིས་རྒྱབ་སྐྱོར་བླ་མེད་གནང་བཞིན་ཡོད་པར་བསྟན།

ཝང་ཡུས་པའོ་ཡིས“ཆེས་མཐོ་གཉིས ”ཀྱི་བྱ་བའི་སྙན་ཞུས་ཆབ་སྲིད་དང་བསྟུན་ནས། དམངས་ཀྱི་འདོད་བློ་མཚོན་ཞིང་། དོན་དངོས་དང་མཐུན་པས་རྒྱབ་སྐྱོར་ཡོད། སྲིད་ཁྲིམས་ཀྱིས་དམངས་ལ་ཞབས་ཞུ་སྒྲུབ་པའི་འདུ་ཤེས་ཇེ་བརྟན་དུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་སྲིད་འཛིན་ཐོབ་ཚོར་མུ་མཐུད་དུ་ཇེ་ཆེར་སོང་ཡོད་ལ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་རྒྱུན་བསྐྱངས་ནས། སྲིད་ཁྲིམས་ཀྱི་སྒྲིག་གཞི་བཅོས་བསྒྱུར་བྱ་བ་བརྟན་བརླིང་ངང་འཕེལ་རྒྱས་སུ་བཏང་བ་དང་། དམངས་ཆེན་འཐུས་མིས་བཏོན་པའི་བསམ་འཆར་དང་བསམ་ཚུལ་ལ་ནན་ཏན་གྱིས་གྲོས་ཞིབ་ཞིབ་འཇུག་བྱས་ཡོད་པར་བསྟན།

ཀྲང་ཀོང་རོང་གིས“ཆེས་མཐོ་གཉིས ”ཀྱི་བྱ་བའི་སྙན་ཞུ་ནི། ཆབ་སྲིད་ཀྱི་དཔངས་མཐོ་ལ། ཁྲིམས་སྐྱོང་གི་ནུས་ཤུགས་ཡོད་པ། དམངས་འཚོར་གཟིགས་སྐྱོང་བྱེད་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པས། རང་ཉིད་ཀྱི་ངོས་ཐད་ནས་དེ་ལ་རྒྱབ་སྐྱོར་ཡོད། འདས་པའི་ལོ་གཅིག་གི་རིང་། “ཆེས་མཐོ་གཉིས ”ཀྱིས་ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱས་ཏེ། ཧུར་ཐག་གིས་མི་དམངས་མང་ཚོགས་ལ་སྲིད་ཁྲིམས་གྱོད་དོན་ཁྲོད་འདྲ་མཉམ་དྲང་བདེན་གྱི་ངེས་ཤེས་ཐོབ་དུ་འཇུག་པའི་དམིགས་འབེན་ལ་གཞིགས་ནས། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཁྲིམས་ལྟར་དྲང་བདེན་གྱིས་འགན་འཁྲི་ལག་བསྟར་བྱས་པ་དང་། སྲིད་ཁྲིམས་འགན་ལེན་གྱི་ནུས་ཤུགས་མུ་མཐུད་དུ་ཇེ་ཆེར་སོང་ཞིང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་ཚོར། སྐྱིད་སྣང་དངོས་གནས་མུ་མཐུད་དུ་མཐོར་འདེགས་སུ་བཏང་བས། བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་བྱ་བར་སྲིད་ཁྲིམས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་ཡོད་པར་བསྟན།

ཁྲིན་ལིས་ཧྥེན། ཀྲང་ཞའོ་རོང་། མིན་ཧྭེ། པད་རྒྱལ་བཀྲ་ཤིས། ཀྲང་ཡོང་ལིས། ཧྲ་ཧྥིན།  མཱ་ཧྥུའུ་ཁྲང་། ཁོང་ཆིན་ཅོའུ། པུས་ཧྲིན་ཀྲོང་། བཀྲ་ཤིས་རྡོ་རྗེ། ཨ་ཧྲིན་ཆིན། ཤ་བོ་སྒྲོལ་མ། མཱ་དབྱི་སི་ཧྥུའུ་སོགས་ཀྱི་འཐུས་ཚབ་པས་གཏམ་བཤད་སྤེལ་ཏེ། ཚང་མས་མགྲིན་གཅིག་ཏུ“ཆེ་མཐོ་གཉིས ”ཀྱི་བྱ་བའི་སྙན་ཞུའི་ཆབ་སྲིད་ཀྱི་གནས་བབ་མཐོ་ལ། བྱ་བའི་བྱེད་ཕྱོགས་དོན་དངོས་དང་བསྟུན་པས། དམངས་ཀྱི་འདོད་བློ་མངོན་ཞིང་དྲང་བདེན་དང་འདྲ་མཉམ་མཚོན་པའི་སྙན་ཞུ་ཡག་པོ་ཞིག་ཡིན་པ་མ་ཟད། འཐུས་མི་དག་གིས་ཕྱི་རྒྱལ་གྱི་ཚོང་པས་མ་རྐང་འཇོག་པའི་མ་ཟིན་བཟོ་བཅོས་ལ་ཡིད་མཐུན་ཡོད་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།