མཚོ་ནུབ་ཁུལ་གྱིས་སྨན་བཅོས་འགན་སྲུང་ཅུའུ་བཙུགས་ནས་སྒོ་བྱང་བཀལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས12ཉིན།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་སྨན་བཅོས་འགན་སྲུང་ཅུའུ་བཙུགས་ནས་སྒོ་བྱང་བཀལ། དེ་ལས་ཁུལ་སྨན་བཅོས་འགན་སྲུང་ལས་དོན་གྱིས་གོ་སྐབས་གསར་བ་ཞིག་དང་རྒྱུད་རིམ་གསར་བ་ཞིག་གི་འགོ་བརྩམས་པ་མཚོན། ཁུལ་དཔོན་གཞོན་པ་ལིས་ཅཱ་ཁྲིན་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།

རྒྱུས་ལོན་པའི་གནས་ཚུལ་ལྟར་ན།  ཁུལ་ཡོངས་ནས་སྨན་བཅོས་འགན་སྲུང་འཕེལ་རྒྱས་འཆར་འགོད་དང་སྲིད་ཇུས་བསམ་ཚུལ་བཏོན་པ་དང་ལག་བསྟར་རྩ་འཛུགས་བྱས།  ཡོངས་ཁེབས་རང་བཞིན་གྱི་སྨན་བཅོས་འགན་སྲུང་མ་ལག་བཙུགས་ནས་སྨན་བཅོས་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་བ་དང་།  སྨན་བཅོས་འགན་བཅོལ་དངུལ་བུན་ལུགས་མཐུན་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱས་ནས་མི་དམངས་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་སྔར་ལས་བསྐངས་བ་དང་སྨན་རིན་ཁུར་བོ་སྔར་ལས་ཇེ་ཡང་གཏང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།