ལས་རིགས་སློབ་གསོ་ལ་བརྟེན་ནས་བོད་ཁུལ་གྱིས་ཐོན་ལས་དབུལ་ཐར་བྱས།

1124229883_15524481272191n.png

འདི་ནི་ཟླ3པའི་ཚེས12ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི2017ལོའི་ཐང་ག་འཛིན་གྲྭའི་སློབ་མ་སྐལ་བཟང་རྡོ་རྗེ(གཡས)ཡིས་ཐང་ག་བཟོ་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་བོད་ཁུལ་གྱི་སློབ་གསོའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས། དམངས་ཁྲོད་ཀྱི་སྲོལ་རྒྱུན་ལག་རྩལ་ལས་རིགས། དེང་རབས་ཞིང་ཕྱུགས་ལས་ཐོན་ལས་སོགས་ཁྱད་ལྡན་ལས་རིགས་སློབ་གསོའི་ཆེད་ལས་འཕེལ་རྒྱས་སུ་བཏང་སྟེ། དོན་དངོས་དང་མཐུན་པའི་སྒོ་ནས་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མའི་ལས་ཞུགས་བྱ་ཚད་ཇེ་མཐོར་བཏང་བས། བོད་ཁུལ་གྱི་ཐོན་ལས་དབུལ་སྐྱོར་བྱ་བར་སྐུལ་འདེད་གང་ལེགས་བྱས། 

1124229883_15524481274081n.png

འདི་ནི་ཟླ3པའི་ཚེས12ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི2017ལོའི་བོད་ཀྱི་གཙག་དྲུབ་འཛིན་གྲྭའི་སློབ་མ་སངས་རྒྱས་སྒྲོལ་མས(གཡོན)གྱིས་སློབ་ཁྲིད་སྐབས་སུ་གཙག་དྲུབ་སྦྱང་བཞིན་པའི་ཚུལ་རེད།

1124229883_15524481276051n.png

འདི་ནི་ཟླ3པའི་ཚེས12ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི2017ལོའི་ཐང་ག་འཛིན་གྲྭའི་སློབ་མ་རྣམས་ཀྱིས་སློབ་སྦྱོང་བྱེད་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།