ན་གོར་མོ་གྲོང་ཁྱེར་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པར་སྐུལ་འདེད་ཀྱི་ནུས་པ་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་སྲུང་སྐྱོབ་གཙོར་འཛིན་པ་དང་མྱུར་སྐྱོབ་དང་པོར་འཇོག་པ། ལུགས་མཐུན་སྒོས་བཀོལ་སྤྱོད་བྱེད་པ། རྒྱུན་འཛིན་འཕེལ་རྒྱས་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཏན་ཏན་ཏིག་ཏིག་སྒོས་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་ཁུངས་ཀྱི་ཁྱབ་བཤེར་སྙན་ཞུའི་བྱ་བ་སྒྲུབ་པ་དང་། མི་རིགས་རིག་གནས་བྱ་བ་གཙོར་བཟུང་སྟེ་དམ་འཛིན་བྱས་ཤིང་བྱེད་ཐབས་ནུས་ལྡན་སྤྱད་དེ་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པར་སྐུལ་འདེད་བཏང་བས། གྲོང་ཁྱེར་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ།

ན་གོར་མོ་གྲོང་ཁྱེར་གྱིས་ཞང་དང་གྲོང་བརྡལ་དང་སྡེ་བ་བཅས་ཀྱི་རིག་གནས་རྨང་གཞིའི་སྒྲིག་ཆས་སྔར་ལས་ལེགས་སྒྱུར་བྱས་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞང་དང་གྲོང་བརྡལ་འཛུགས་སྐྲུན་བྱ་བ་བཟང་བོར་སྒྲུབ་པར་མ་ཟད་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་ཁང་བཙུགས་ཏེ། རིན་མི་ལེན་པར་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་མཁན་ལ་ཚོགས་ར་འདོན་སྤྲོད་བྱས་པ་དང་དམངས་ཁྲོད་ཀྱི་སྒྱུ་རྩལ་པས་མི་སྒེར་གྱི་བརྩམས་ཆོས་འགྲེམ་སྟོན་པར་བྱེད་པར་རྒྱབ་སྐྱོར་དང་སྐུལ་མ་བཏང་བས་ཕན་འབྲས་མི་དམན་པ་ཐོབ།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།