མཱ་ཅི་ཞའོ་ཡིས་ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐུལ་སྤེལ་ཚོགས་འདུའི་སྟེང་གཏམ་བཤད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐུལ་སྤེལ་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་དང་། གུང་གཞོན་ཚོགས་པ་ཀྲུང་དབྱང་། ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ལ་མཉམ་དུ་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་རྒྱུས་ལོན་སྔར་ལས་ཟབ་མོ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་མྱུར་དུ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་བྱེད་པ་དང་གོ་བ་མཐིལ་ཕྱིན་བླངས་ནས། མང་ཚོགས་ཚོགས་པའི་བྱ་བ་སྔར་ལས་བཟང་པོར་སྒྲུབ་དགོས་ཞེས་ནན་གྱིས་བཤད།

མཱ་ཅི་ཞའོ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་ནི་དུས་རབས་གསར་པའི་མང་ཚོགས་ཚོགས་པའི་བྱ་གཞག་ལ་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཡིན་པས། རིམ་པ་སོ་སོའི་མང་ཚོགས་ཚོགས་པའི་རྩ་འཛུགས་དང་མང་ཚོགས་ཚོགས་པའི་ལས་བྱེད་པས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་ནས་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་དགོས་ཏེ། ཆ་ཚང་བར་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ནང་དོན་ལ་གོ་བ་ཟབ་མོ་ལེན་པ་བཅས་བྱེད་དགོས་པར་མ་ཟད། གནད་ས་འབུར་དུ་ཐོན་པར་བྱེད་པ་དང་། གནད་འགག་དམ་འཛིན། ངོ་བོར་ངོས་འཛིན། རྒྱུན་དུ་སློབ་པ་དང་རྒྱུན་དུ་བསམ་གཞིགས་གཏོང་བ་བཅས་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་བཟང་པོར་བརྟེན་ནས་ཚན་རིག་གཞུང་ལུགས་ཀྱིས་མང་ཚོགས་ཚོགས་པའི་བྱ་བར་མཛུབ་སྟོན་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས།

མཱ་ཅི་ཞའོ་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཞིང་ཆེན་ཡོངས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་ཐག་གཅོད་རང་བཞིན་གྱི་རྨང་གཞི་འདིང་བར་འབོད་བརྡ་བསྒྲགས་ཡོད་པས། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ད་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱར་རྒྱུས་ལོན་ཟབ་མོ་བྱེད་པ། རྒྱུན་འཁྱོངས་ལྔ་དང་སྐུལ་འདེད་བཞིའི་ནང་དོན་ལ་གོ་བ་ཡང་དག་ལེན་པ་བཅས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་དམིགས་འབེན་དང་ལས་འགན་བདེ་བླང་ངང་ཡོངས་འགྲུབ་བྱེད་པར་འཇོག་འོས་པའི་བྱས་རྗེས་འཇོག་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།