མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུར་ཞིབ་འཇུག་གྲོས་བསྡུར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་དགུ་ཉིན།   མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ།  སྲིད་གཞུང་བྱ་བའི་སྙན་ཞུའི་གྲོས་ཞིབ་བྱེད་པར་སྤྲོད་པའི་མ་ཡིག་ལ་ཞིབ་འཇུག་གྲོས་བསྡུར་བྱས་པ་དང་།   མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་།  ཉིས་སྟོང་བཅུ་དགུ་ལོའི་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ།   མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅོ་བརྒྱད་ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅུ་དགུ་ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་སོགས་ཡིག་ཆར་གྲོས་ཞིབ་བྱས།

གྲོས་ཚོགས་སྟེང་བསྟན་དོན།   མི་དམངས་འཐུས་མིའི་ཚོགས་ཆེན་ལ་བྱ་བ་སྙན་ཞུ་བྱེད་པ་ནི་སྲིད་གཞུང་གི་ཁྲིམས་གཏན་འགན་འཁྲི་ཡིན་ལ།    མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་རྣམ་པ་གལ་ཆེན་ཡིན་པས།    སྲིད་གཞུང་བྱ་བའི་སྙན་ཞུའི་འཆར་ཟིན་འགོད་པའི་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ།    མང་ཚོགས་ཀྱི་སེམས་འདུན་ཡོངས་ཁྱབ་ཏུ་དང་ལེན་བྱེད་པ་དང་།   བྱེད་ཐབས་བཟང་བོར་འཆར་འགོད་བྱེད་པ།  ཐུན་མོང་གི་འདུ་ཤེས་གཅིག་བསྡུས་ཀྱིས་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞིར་གཟབ་ནན་གྱིས་ཞིབ་འཇུག་དང་བཟོ་བཅོས།  འཐུས་ཚང་དུ་གཏོང་དགོས།   ཆབ་སྲིད་ལངས་གནས་སྔར་ལས་མཐོར་འདེགས་བཏང་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱས་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་།   ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་།  སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ།   བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན།  ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུངས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱས་ཏེ་ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན།   མཛུབ་སྟོན་རང་བཞིན།  བཀོལ་་སྤྱོད་རང་བཞིན་བཅས་མངོན་པར་བྱེད་དགོས།  མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་།   ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཐེངས་ལྔ་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་སོ་སོ་དངོས་འབེབས་བཟང་བོ་བྱེད་དགོས།    གོ་སྐབས་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད།   ཉེན་ཁ་སྔོན་འགོག་བཅས་ལ་དམིགས་ནས་དངོས་ཐོག་བདེན་འཚོལ་གྱིས་ན་ནིང་གི་བྱ་བར་སྤྱི་སྡོམ་བྱེད་པ་དང་།    ཚན་རིག་ལྟར་ད་ལོའི་བྱ་བར་བཀོད་སྒྲིག་བྱེད་པ།    མདུན་སྐྱོད་རང་བཞིན་དང་འཐབ་ཇུས་རང་བཞིན།  སྣེ་ཁྲིད་རང་བཞིན་བཅས་མངོན་པར་བྱས་ཏེ་ཐུན་མོང་གི་འདུ་ཤེས་གཅིག་གྱུར་དང་ཡིད་ཆེས་ཇེ་བརྟན།  བརྩོན་སེམས་བསྐྱེད་པའི་སྙན་ཞུ་ཞིག་གྲུབ་པར་བྱེད་པ་དང་།   དམངས་ཀྱི་འདོན་བློ་གཅིག་བསྡུས་དང་དམངས་ཀྱི་དཀའ་གནད་ཐག་གཅོད་པའི་སྙན་ཞུ་ཞིག་གྲུབ་པར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།