ཀྲང་ལིས་ཀྱིས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན།    ཧྲིན་ཀྲང་གཞོན་པ་ཀྲང་ལིས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་ཡོང་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་མཛུབ་སྟོན་བྱས་པ་དང་།   མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་དུ་ལེ་ཚན་སྤུས་ཚད་སྔར་ལས་མཐོར་འདེགས་གཏོང་བ་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་སྟེ་མི་དམངས་མང་ཚོགས་ལ་སྤུས་ཚད་མཐོ་བའི་ལེ་ཚན་འདོན་སྤྲོད་བྱེད་པའི་ཐད་ནས་ཞིབ་འཇུག་འཆར་འགོད་བྱས།

སྨྱན་བྱད་གསར་པའི་སྟེགས་བུ་དང་གསར་འགྱུར་ལྟེ་གནས།  མཚོ་སྔོན་བརྙན་འཕྲིན་ཁང་སོགས་སུ་ཡུལ་དངོས་རྒྱུས་ལོན་བྱས་རྗེས།  ཀྲང་ལིས་ཀྱིས་བསྟན་དོན།   ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གླེང་ཕྱོགས་དྲིལ་སྒྲོག་བྱེད་ས་གཙོ་བོ་ཡིན་པ་དང་།   སྤུས་ལེགས་བསམ་པའི་རིག་གནས་ཐོན་རྫས་འདོན་སྤྲོད་བྱེད་ས་གལ་ཆེན་ཡིན །  ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་འགྲོ་བའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་རྒྱུ་དེ་ཏང་གི་གསུང་སྐད་བརྒྱུད་སྒྲོག་བྱེད་པ་དང་འབྲེལ་བ་ཡོད་ལ།  སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་འབྲེལ་བ་ཡོད་ཟེར།   ཀྲང་ལིས་ཀྱིས་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་རྒྱལ་ཡོངས་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་གཟབ་ནན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དང་གླེགས་ཕྱོགས་ཁྲིད་སྟོན་ལ་རྒྱུས་ལོན་བཟང་བོ་བྱས་ཏེ་གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྒྲོག་ནུས་པ་དང་སྣེ་ཁྲིད་ནུས་པ་སོགས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས།   མཚོ་སྔོན་བརྙན་འཕྲིན་ཁང་གི་བརྡ་རྟགས་ཁེབས་ཚད་རྒྱ་བསྐྱེད་པ་དང་ལེ་ཚན་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ།   ལེ་ཚན་གསར་གཏོད་ཤུགས་ཚད་ཆེ་རུ་གཏོང་བ།   ལེ་ཚན་སྒྲིག་བཟོ་བྱེད་ཐབས་ལེགས་སྒྲིག་བྱེད་པ་བཅས་བྱས་ཏེ་དྲིལ་སྒྲོག་ཕན་ནུས་མཐོར་འདེགས་གཏོང་དགོས།    གསར་བརྗེ་གསར་སྐྲུན་གྱི་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་གནད་དོན་ཐག་གཅོད་བྱེད་པར་དོ་སྣང་བྱེད་པ་དང་།   སྒྲིག་གཞིའི་ནང་རྐྱེན་དང་བདག་གཉར་འཁོར་སྐྱོད་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་ཞིབ་འཇུག་བྱེད་པར་མཐོང་ཆེན་བྱེད་པ།   ཚུལ་སྒྱུར་དང་གསར་སྐྲུན་འཕེལ་རྒྱས་དང་ཞབས་ཞུ་བཅས་མཉམ་བསྲེས་ཀྱི་རྣམ་པ་གསར་པ་ཞིག་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་རང་ཉིད་འཕེལ་རྒྱས་ནུས་པ་མཐོར་འདེགས་གཏོང་དགོས་པའི་རེ་བ་བཏོན།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།