མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་མ་ལག་གི་དྲིལ་སྒྲོག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་མ་ལག་གི་དྲིལ་སྒྲོག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བའི་བསམ་བློ་གལ་ཆེན་དང་། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་ལག་ལེན་མཐའ་འཁྱོལ་བྱས་ཏེ། སྲིད་གྲོས་དྲིལ་སྒྲོག་བྱ་བའི་ཆབ་སྲིད་དང་ལག་ལེན་གྱི་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས་ལ། དུས་རབས་གསར་བའི་མི་དམངས་སྲིད་གྲོས་བྱ་བའི་གནས་ཐིག་གསར་བ་དང་འགན་འཁྲི་གསར་བར་གོ་བ་ཡང་དག་ལོན་དགོས། སྲིད་གྲོས་ཀྱི་འགན་གཙང་ལེན་བྱེད་པ་དང་ཐུན་མོང་གི་ལྟ་བ་གྲུབ་པར་འབད་དེ། རིམ་པ་སོ་སོའི་སྲིད་གྲོས་ཀྱིས་ཞིང་ཆེན་ཡོངས་ཀྱི་ལས་དོན་སྤྱི་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་བ་དང་། མཚོ་སྔོན་གྱི་མི་དམངས་སྲིད་གྲོས་ལས་དོན་འཕེལ་རྒྱས་ལ་བསམ་བློ་དང་སྙིང་སྟོབས། གླེང་ཕྱོགས་བཅས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱ་དགོས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ཀྲི་མེན་གདན་དྲངས་པ་ལྟར་ཚོགས་འདུར་ཞུགས་ནས་གཏམ་བཤད།རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་དྲིལ་སྒྲོག་བྱ་བས་ཐོག་མཐའ་བར་གསུམ་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་རླབས་ཆེན་དར་ཆ་མཐོ་རུ་བསྒྲེང་ནས། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་དམ་དུ་འབྲེལ་ནས་སྲིད་གྲོས་ཀྱི་གཏམ་རྒྱུད་འཆད་དེ། མི་དམངས་སྲིད་གྲོས་ཀྱི་མི་སེམས་གོང་བུ་གཅིག་གྱུར་དང་སྟོབས་ཤུགས་གོང་བུ་གཅིག་གྱུར། ལྟ་བ་གཅིག་གྱུར་བཅས་ཀྱི་བྱེད་ནུས་བཟང་བོ་མངོན་དུ་བཅུག སྐབས་གསར་བའི་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་དྲིལ་སྒྲོག་བྱ་བར་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་མ་ལག་གི་དྲིལ་སྒྲོག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུ་རྒྱུ་ནི་ད་ལོའི་འོས་འགན་གལ་ཆེན་ཞིག་ཡིན་ལ། སྲིད་གྲོས་བྱ་བའི་ཕན་འབྲས་ཇེ་མཐོར་གཏོད་རྒྱུར་དམིགས་གཏད་དེ། སྲིད་གྲོས་ཀྱི་དྲིལ་སྒྲོག་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱས་པས། མིག་སྔར་གྲུབ་འབྲས་མིག་མཐོང་ལག་ཟིན་བླངས་ཡོད་ཟེར། 

ཝང་ཞའོ་ཡུང་གིས་འགོ་འཛིན་གཏམ་བཤད་ཁྲོད་བསྟན་དོན། ངོས་ཟིན་མཐོར་འདེགས་གཏོང་བ་དང་ཧུར་བརྩོན་འབད་འཐབ་བྱས་ཏེ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དགོས་པར་མ་ཟད། རང་རྟོགས་སྒོས་ཁག་ཁུར་དང་དངོས་འབེབས་བྱ་བ་དམ་པོར་བཟུང་ནས། མཐུན་སྦྱོར་གཞོགས་འདེགས་ལ་སྐུལ་འདེད་གཏོང་དགོས། སྲིད་གྲོས་དྲིལ་སྒྲོག་བྱ་བ་ཞིབ་ཕྲ་ཅན་དང་བདེན་དངོས་ཅན་དུ་བསྒྱུར་ཏེ། དུས་རབས་གསར་བའི་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་དྲིལ་སྒྲོག་བྱ་བར་རྣམ་པ་གསར་བ་བཏོད་དགོས་ཟེར།

མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་དང་ཞིང་ཆེན་དུ་སྡོད་པའི་གསར་འགྱུར་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན་དང་ཆེད་བསྐོས་ཀྲུའུ་རིན་གཞོན་པ། འབྲེལ་ཡོད་ལས་ཁུངས་ཀྱི་ཁྲུའུ་དང་གཞུང་སྒྲུབ་ཁང་སོ་སོའི་འགན་ཁུར་མི་སྣ། དམངས་གཙོའི་ཏང་ཁག་སོ་སོ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འགན་ཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ་སྲིད་གྲོས་དང་། རྫོང་སྲིད་གྲོས་ཁ་ཤས་ཀྱི་འགན་ཁུར་བློ་མཐུན་བཅས་ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་སྟེང་ཞུགས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།