དབྱང་ཧྥུན་ཁྲུན་གྱིས་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་བསམ་བློ་དབུལ་ཐར་གྱི་ཚོད་ལྟ་བྱ་བ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས། དབྱང་ཧྥུན་ཁྲུན་གྱིས་ནན་གྱིས་བསྟན་དོན། བསམ་བློ་དབུལ་སྐྱོར་ནི་དབུལ་ཐར་མཁྲེགས་གཏོར་གྱི་ནང་དོན་གཙོ་བོ་ཡིན་ལ། ལྷག་པར་དུ་དབུལ་སྐྱོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་དབུལ་ཐར་རྒྱུན་མཐུད་ངང་བྱེད་པར་ཁག་ཐེག་བྱེད་པ། དབུལ་ཐར་མཁྲེགས་གཏོར་བྱ་བའི་རྒྱལ་ཁ་ལེན་པའི་གནད་འགག་ཡིན་པས། གོམས་སྲོལ་བསྒྱུར་བར་དོ་སྣང་བྱེད་པ་དང་། ལུགས་རྙིང་སྲོལ་ངན་གྱི་དབང་གིས་དབུལ་བོར་འགྱུར་བ་དང་ཡང་ན་ཡང་བསྐྱར་དབུལ་བོར་འགྱུར་བའི་འབུར་ཐོན་གནད་དོན་ལ་ཞིབ་འཇུག་བྱེད་པ་དང་ཐག་བཅད་དེ། དཔལ་ཡོན་གྱི་དར་སྲོལ་གསར་བ་སྐྱེད་སྲིང་བྱེད་དགོས་ཟེར།

དབྱང་ཧྥུན་ཁྲུན་སྔ་གཞུག་ཏུ་ལི་ཏུའུ་ཆུའུ་ཉེན་པོ་གྲོང་རྡལ་ཞིན་ལི་ཏུའུ་གཞིས་ཁུལ་དང་རྟ་ར་ཞང་པའེ་ཚོ་ཐེ་སྡེ་གསར། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཐང་ཁྲོན་གྲོང་རྡལ་ཧྲི་ཙི་སྡེ་བ། ཝེ་ཡོན་གྲོང་རྡལ་སུམ་མདོ་བོད་རིགས་ཞང་དཔའ་ཡོན་སྡེ་བ་སོགས་སུ་སོང་ནས། ལས་བྱེད་པ་དང་མང་ཚོགས་དང་ཁ་གཏད་བརྗེ་རེས་བྱས་པ་དང་། བསམ་བློ་དབུལ་སྐྱོར་གྱི་ཚོད་ལྟའི་བྱ་བ་སྤེལ་བར་མཛུབ་སྟོན་བྱས། དབྱང་ཧྥུན་ཁྲུན་གྱིས་བསྟན་དོན། བསམ་བློའི་ཐུན་མོང་གི་ལྟ་བ་གཅིག་ཏུ་སྒྲིལ་བ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ནས། བྱ་བ་ལག་བསྟར་བྱེད་པར་དམ་འཛིན་བྱེད་དགོས། མང་ཚོགས་ཀྱི་གཉེན་སྟོན་དང་འདས་མཆོད་བསྒྲུབ་པའི་ཁྲོད་ཀྱི་རྒྱས་སྤྲོས ཆུད་ཟོས་དང་རྒྱུ་རིན་མང་པོ་ལེན་པ་སོགས་དབུལ་ཐར་མཁྲེགས་གཏོར་ལ་གནོད་སྐྱེལ་བའི་དངོས་ཡོད་གནད་དོན་ཐག་གཅོད་པའི་དཔེ་གཞི་དང་ཉམས་མྱོང་རྒྱུས་ལོན་གསལ་བོ་བྱེད་པ་དང་སྤྱི་སྡོམ་བྱེད་དགོས། དཔེ་མཚོན་གྱི་སྣེ་ཁྲིད་ལ་དོ་སྣང་བྱེད་པ་དང་། མང་ཚོགས་ཀྱི་དབུལ་ཐར་ཐད་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། མང་ཚོགས་ཀྱིས་དར་སྲོལ་གསར་བ་དར་སྤེལ་གཏོང་བར་སྐུལ་སློང་དང་སྣེ་ཁྲིད་བྱས་ཏེ། ལུགས་རྙིང་སྲོལ་ངན་འདོར་དགོས། ས་བབ་དང་བསྟུན་པ་དང་། བྱ་བའི་བྱེད་ཐབས་གསར་གཏོད་དང་འཚོལ་ཞིབ་བྱེད་པ། སྔོན་དུ་ཚོད་ལྟ་བྱེད་པ་དང་ཚོད་ལྟ་བྱེད་ཕོད་པར་བྱས་ནས། ཚོད་ལྟ་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་པ་དང་། མང་ཚོགས་ཀྱིས་དབུལ་ཐར་མཁྲེགས་གཏོར་བྱེད་པའི་ནང་སྐྱེས་སྒུལ་ཤུགས་ཆེར་སྐྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།