ཞིང་ཆེན་སྲིད་གཞུང་གིས་དུས་ཚིགས་གསུམ་པའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་དང་དངུལ་རྩའི་གནས་བབ་དབྱེ་ཞིབ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན།   ཞིང་ཆེན་སྲིད་གཞུང་གིས་དུས་ཚིགས་གསུམ་པའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་དང་དངུལ་རྩའི་གནས་བབ་དབྱེ་ཞིབ་ཚོགས་འདུ་བསྡུས།  ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་ཚོགས་འདུར་འགོ་འཛིན་བྱས།

ཚོགས་འདུའི་སྟེང་བལྟས་ན།  ད་ལོར་མུ་མཐུད་ཇེ་ཆེར་འགྲོ་བཞིན་པའི་དཔལ་འབྱོར་མར་འགྲིབ་ཀྱི་གནོན་ཤུགས་འོག     ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱས་པ་དང་། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ཏེ་སེམས་ཤུགས་གཅིག་སྒྲིལ་དང་དཀའ་ཁག་ཁྱད་སེལ་བྱས་པ་དང་།  ལས་གཞིའི་མྱུར་དུ་འཛུགས་སྐྲུན་བྱས་པར་མ་ཟད།  ཐོན་ལས་ཧུར་ཐག་གིས་ཚུལ་སྒྱུར་རིམ་སྤོར་དང་ཕྱི་ཕྱོགས་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སྒྱུར། ཉེན་ཁའི་ཚོད་འཛིན་ལ་ཤུགས་བསྣན་པ་དང་།  བཟོ་ལས་དཔལ་འབྱོར་དང་དངུལ་རྩ་བརྟན་འཇགས་ངང་འཁོར་སྐྱོད་བྱེད་པའི་རྣམ་པ་སྲུང་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུན་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་ནུས་ཡོད་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད་པར་འདོད།

ཚོགས་འདུའི་སྟེང་།  རྙོག་འཛིང་གི་དཔལ་འབྱོར་གནས་བབ་ལ་ཁ་གཏད་དེ་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་དབྱེ་ཞིབ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་།   མཁྲེགས་གཏོར་ཤུགས་ཚད་ཇེ་དྲག་ཏུ་གཏོང་བ་དང་དུས་ཚོད་དམ་འཛིན་བྱེད་པ།  འཕེལ་རིམ་གྱི་རྗེས་ཆོད་པར་བྱས་ནས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས།   ཕྱོགས་བསྡུས་ཚོད་འཛིན་ལ་རྒྱུན་མཐུད་སྒོས་ཤུགས་སྣོན་པ་དང་ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་ལ་རྒྱབ་སྐྱོར་བྱས་ཏེ་བཟོ་ལས་བརྟན་འཇགས་ངང་འཁོར་སྐྱོད་བྱེད་པ་སྲུང་འཛིན་བྱེད་དགོས།   བཟོ་ལས་དངུལ་གཏོང་ལས་གཞིའི་འགན་འཁྲིའི་ལས་ལུགས་གཟབ་ནན་གྱིས་དོན་འཁྱོལ་བྱེད་པ་དང་ལས་གཞི་གཙོ་བོའི་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ།   ལས་གཞི་གལ་ཆེན་ལ་ཧུར་ཐག་གིས་འཆར་འགོད་གྲ་སྒྲིག་བྱེད་པ་བཅས་བྱས་ཏེ་འཕེལ་རྒྱས་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།   ཡིད་རྟོན་དངུལ་བུན་གཏོང་བའི་ཁྱབ་ཁོངས་སྔར་ལས་རྒྱ་སྐྱེད་པ་དང་། དངུལ་རྩའི་གཞི་ཁྱོན་འཕར་སྣོན་དང་ཉེན་ཁའི་ཚོད་འཛིན་ལ་ཤུགས་བསྣན་ཏེ་དངུལ་རྩའི་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས།   བདེ་འཇགས་ཐོན་སྐྱེད་ཀྱི་དམར་མཚམས་འདུ་ཤེས་བརྟན་པོར་འཛུགས་པ་དང་དོན་རྐྱེན་ཞིབ་བཤེར་དང་ཐག་གཅོད་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་རྣམ་པ་བཟང་བོ་སྲ་བརྟན་དུ་གཏོང་དགོས།   ཚན་རིག་ལྟར་མིག་སྔའི་རྣམ་པར་དབྱེ་ཞིབ་བྱེད་པ་དང་།  སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ།   སང་ལོའི་བྱ་བར་སྔ་མོ་ནས་འཆར་འགོད་བྱེད་པ་བཅས་བྱས་ཏེ་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།