མཚོ་སྔོན་གོར་མོར་རྒྱལ་སྟོན་ལ་དམག་གསར་གྱིས་དམ་བཅའ་བཞག་པ།

F201810101148526116702767 (1).jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དམག་མིར་ཞུགས་པར་སྔོན་ལ་བློ་རྒྱ་ཆེན་པོ་དགོས་པ་དང་། མི་སྣ་སྐྱོང་བར་སྔོན་ལ་བླ་སྲོག་སྐྱོང་དགོས། རྒྱལ་སྟོན་རིང་དྲག་ཆས་ཉེན་རྟོག་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་རུ་ཁག་གི་ལས་སྒྲུབ་ཉིང་ལག་རུ་ཁག་གིས་དམག་དཔུང་ལ་ཞུགས་པའི་དམག་གསར་སྒྲིག་འཛུགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་གོར་མོ་གྲོང་ཁྱེར་གྱི་དམག་དཔོན་མུའུ་ཧྲེང་ཀྲུང(“མཚོ་བོད་གཞུང་ལམ”ཐོག་མར་སྐྲུན་མཁན་དང་གོར་མོ་གྲོང་ཁྱེར་གྱི་རྨང་གཞི་འདིང་མཁན)གི་དྲན་གསོ་ཁང་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བ་མ་ཟད། དམ་བཅའ་འཇོག་པའི་བྱེད་སྒོའང་སྤེལ་ཞིང་། དེའི་དམིགས་ཡུལ་ནི་དམག་གསར་ཚོས་རང་འཁྲིའི་འགན་འཁྲིར་གཞི་ཚུགས་པ་དང་། ས་མཐོར་གཞིས་ཆགས་པ། བློ་བདེ་པོའི་ངང་དམག་སྐུལ་དང་ལེན་བཅས་བྱས་ཏེ་མེས་རྒྱལ་གྱི་དམག་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་རང་ཉིད་ཀྱི་འཇོན་ཐང་ངོམ་རྒྱུར་ཁྲིད་སྟོན་བྱ་ཆེད་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།