རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་ཏེ། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཏང་ཙུའུ་གྲོས་ཚོགས་ཐེངས་བཅོ་ལྔ་བ་དང་ཀྲུའུ་ཞི་གྲོས་ཚོགས་ཐེངས་བཅུ་གཅིག་པ་བསྡུས།

གྲོས་ཚོགས་ལས་རྒྱལ་ཡོངས་སྲིད་གྲོས་ཀྱིས་བསྡུས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་གཞུང་ལུགས་གལ་ཆེན་ལ་བགྲོ་གླེང་བྱས་པའི་དགོངས་དོན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་བྱས་པར་མ་ཟད། དངོས་འབེབས་བསམ་འཆར་ལ་ཞིབ་འཇུག་བྱས་པ་ལས་གཞན། ཞིང་ཆེན་ཏང་ཨུའི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྐོར་ཞིབ་ཚན་ཁག་གི་སྐོར་ཞིབ་བསམ་འཆར་ལ་ལེགས་སྒྲིག་བྱས་པའི་གནས་ཚུལ་དང་ཆེད་དམིགས་ལྟ་ཞིབ་བྱས་པའི་གནས་ཚུལ་སྙན་ཞུར་ཉན། དེ་མིན་ད་དུང་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པས་ཏང་ཡོན་ཨུ་ཡོན་ལ་འབྲེལ་གཏུགས་བྱས་པ་དང་། ཏང་ཡོན་ཨུ་ཡོན་གྱིས་ཏང་ཕྱིའི་ཨུ་ཡོན་གྱི་བྱ་བར་འབྲེལ་གཏུག་བྱས་པའི་གནས་ཚུལ་ལ་ཞིབ་འཇུག་བྱས། གྲོས་ཚོགས་ལས་གྲོས་མོལ་བརྒྱུད་དེ་ཞིང་ཆེན་སྲིད་གྲོས་ཀྱིས་དམངས་གཙོ་གྲོས་མོལ་བྱ་བ་སྤེལ་བ་དང་། རྟོག་ཞིབ་སྤུད་ཚད་ཇེ་མཐོར་གཏོང་བ། ཨུ་ཡོན་གྱི་རང་འགན་དཔྱད་ཞིབ་ལ་ཤུགས་སྣོན་པ་བཅས་ཀྱི་འབྲེལ་ཡོད་ལམ་ལུགས་རང་བཞིན་གྱི་ཡིག་ཆ་ལ་གྲོས་འཆམ་བྱུང་། དེ་མིན་ད་དུང་འབྲེལ་ཡོད་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་པ་དང་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། ཁ་མིན་དོན་གྱིས་བསམ་བློར་དྲག་ཆས་སྤྲས་ནས། བསམ་བློ་ཆབ་སྲིད་ཀྱིས་ལས་རིམ་ཁག་སོ་སོ་དང་བྱ་བའི་ངོས་ཚང་མར་ཁེབས་པར་བྱས་ཏེ། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས་ཟེར། 

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་། རིན་ཆེན་རྣམ་རྒྱལ། ཀྲང་ཧྲིག་ཁྲིན། མཱ་ཧེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། དྲུང་ཡིག་ཆེན་མོ་ཝང་ཅིན་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།