མཚོ་སྔོན་འབྲི་ཆུའི་ཆུ་འགོ་གྲོང་ཚོས་མཐུན་སྒྲིལ་འབད་འཐབ་ཀྱིས་བདེ་སྐྱིད་འཚོ་བའི་ལེའུ་གསར་པ་གཏོད།

F201810091156524126702678.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2004ལོའི་ཟླ11པར། རྒྱལ་ཁབ་ཀྱི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་སྲིད་ཇུས་དང་ལེན་ཞུ་ཆེད། འབྲོག་པ་དུད་ཚང128ཀྱིས་མི་རབས་ནས་མི་རབས་བར་འཚོ་གནས་བྱས་པའི་འབྲི་ཆུའི་ཆུ་འགོ་ནས་བྲལ་ཏེ་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་གྱི་གྲོང་འདབས་སུ་གནས་པའི་ཁྱིམ་གཞིས་གསར་པ་སྟེ་འབྲི་ཆུའི་ཆུ་འགོ་གྲོང་ཚོར་སྤོས་ཡོད། རི་སྟེང་ནས་རི་གཤམ་དང་འབྲོག་པ་ནས་གྲོང་མི། ཁོ་ཚོ་རྒྱ་ཆེ་ལ་གཙང་སྦྲ་དོད་པའི་ཆུ་དང་གློག་ཡོད་པའི་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་ནས། འབྲི་ཆུའི་ཆུ་འགོ་གྲོང་ཚོའི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད། 

F201810091157023396702679.jpg

འབྲོག་པ་མང་ཚོགས་རྣམས“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ཡོང་ཆེད། གོར་མོ་གྲོང་ཁྱེར་གྱིས་སྔ་རྗེས་སུ་འཐག་ལས་དང་། གཡོས་སྦྱོར། རླངས་འཁོར་ཁ་ལོ་བ་དང་ཞིག་གསོ། སྐྲ་མཛེས་བཟོ་སོགས་ཀྱི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་གཉེར་ནས། འབྲོག་པས་རྩལ་ནུས་ཁོང་དུ་ཆུད་རྗེས་ཞོར་ལས་དང་བྱ་བཞག་གསར་བཏོད་བྱེད་པར་སྐུལ་འདེད་བཏང་ཡོད། དུས་མཚུངས་སུ“ཕྱིར་སྐྱོད་པ་དང་། ནང་དུ་གདན་འདྲེན་པའི”བྱ་ཐབས་སྤྱད་དེ་མི་རིགས་དབར་གྱི་མཉམ་འདྲེས་དང་འགྲོ་འོང་དང་། སློབ་སྦྱོང་དང་སྤེལ་རེས་ལ་སྐུལ་འདེད་བཏང་ཡོད། “ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བ།” དེང་སང་གི་འབྲི་ཆུའི་ཆུ་འགོ་གྲོང་ཚོ་ནི་དར་དམར་ལྷབ་ལྷུབ་དུ་གཡོ་བ་དང་དགའ་སྤྲོའི་དགོད་སྒྲས་ཁེངས་པ། མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་དྲིན་ཚོར་བ་དང་ཕན་ཚུན་རོགས་རམ་གྱིས་ལག་གཉིས་ལ་བརྟེན་ནས་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྲུན་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།