ཝང་ཞོན་གྱིས་ཚན་ཆུང་ཁྲིད་དེ་གྲོས་གཞི་གལ་ཆེན་སྒྲུབ་པར་ལྟ་སྐུལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་གྱིས་ཞིང་ཆེན་སྲིད་གྲོས་ཀྱི་གྲོས་གཞི་གལ་ཆེན་སྒྲུབ་པར་ལྟ་སྐུལ་བྱེད་པའི་ཚན་ཆུང་ཁྲིད་དེ། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་བུ་ཕྲུག་གམ་དུ་མེད་པའི་ལོ་ལོན་དང་ནུས་པ་མེད་པའི་ལོ་ལོན་གྱི་སྡོད་ཁུལ་དང་ཁྱིམ་ཚང་གི་སྨན་བཅོས་གསོ་སྐྱོང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་གྲོས་གཞི་བསྒྲུབ་པའི་ཐད་ནས་ལྟ་སྐུལ་བྱས།

ལྟ་སྐུལ་ཚན་ཆུང་གིས་ཟི་ལིང་གྲོང་ཁྱེར་ཞང་ཀི་ལིས་ལ་སྡོད་ཁུལ་གྱི་ཉིན་མོའི་བདག་སྐྱོང་ལྟེ་གནས་དང་ཏཱ་ཀྲུང་སྲང་ལམ་ཧྥུའུ་ཁང་སྨན་བཅོས་གསོ་སྐྱོང་ཁང་གཉིས་སུ་ཡུལ་དངོས་ལྟ་ཞིབ་བྱས་ནས། ཉིན་མོའི་བདག་སྐྱོང་ལྟེ་གནས་དང་སྨན་བཅོས་གསོ་སྐྱོང་ཁང་གི་བཀོད་སྒྲིག་གནས་ཚུལ་དང་འཁོར་སྐྱོད་རྣམ་པ། དངུལ་བསྡུ་ཚད་གཞི། ཞབས་ཞུ་འདོན་སྤྲོད་དང་ལོ་ལོན་གྱི་དགོས་མཁོའི་གནས་བབ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། གྲོས་གཞི་འདོན་མཁན་གྱིས་སྤེལ་བའི་གྲོས་གཞི་འདོན་པའི་རྒྱབ་ལྗོངས་དང་སྡོད་ཁུལ་གྱི་རྒན་གསོ་ཞབས་ཞུའི་བྱ་བའི་ཁྲོད་གནས་པའི་གནད་དོན་དང་བྱ་བའི་གྲོས་གཞིའི་གསལ་བཤད་ལ་ཉན། ཞིང་ཆེན་དམངས་སྲིད་ཐིན་སོགས་འགན་བསྒྲུབ་སྡེ་ཁག་གིས་གྲོས་གཞི་བསྒྲུབ་པའི་ད་ལྟའི་གནས་བབ་དང་གོ་རིམ་རྗེས་མིའི་འཆར་གཞི་ཐད་ནས་ངོ་སྤྲོད་བྱས།

ཝང་ཞོན་གྱིས་བསྟན་དོན། འགན་སྒྲུབ་སྡེ་ཁག་གིས་གྲོས་གཞི་བསྒྲུབ་པའི་ཁྲོད། གྲོས་གཞིའི་ཐད་ཀྱི་བསམ་འཆར་ལ་དབྱེ་ཞིབ་ནན་མོ་བྱས་པ་དང་། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ཐག་གཅོད་བྱེད་ཐབས་ཕྱིར་བཏོན་ལ། རྒྱུན་མ་ཆད་པར་ཉམས་མྱོང་སྤྱི་སྡོམ་བྱེད་པའི་རྨང་གཞིའི་སྟེང་། སྨན་བཅོས་དང་གསོ་སྐྱོང་ཟུང་འབྲེལ་གྱི་བྱ་བའི་མ་དཔེ་གསར་སྐྲུན་དང་། སྨན་བཅོས་དང་གསོ་སྐྱོང་ཟུང་འབྲེལ་གྱི་དཔེ་སྟོན་བྱེད་ས་བཙུགས་པ་མ་ཟད། རིག་སྟོབས་ཅན་གྱི་རྒན་གསོའི་གཞི་གྲངས་སྟེགས་བུ་བཙུགས་ཏེ། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་དང་གསོ་སྐྱོང་ཟུང་འབྲེལ་གྱི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཟེར། ཁོ་མོས་འགན་སྒྲུབ་སྡེ་ཁག་གིས་མཐུན་སྦྱོར་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་དང་བྱ་བའི་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། གྲོས་གཞི་བསྒྲུབ་པའི་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།  །
 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།