ཞིང་ཆེན་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་དགུ་ཉིན། ཞིང་ཆེན་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བར་བཏོན་པའི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྔར་ལས་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་བྱས།

ཝང་ཅན་ཅོན་གྱིས་བསྟན་དོན། བསམ་པའི་དཔལ་ཡོན་ནི་སྤྱི་ཚོགས་ཀྱི་དར་སྲོལ་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་གྱི་སྣེ་ཁྲིད་མཁན་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་འཐབ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་དགོངས་པ་གལ་ཆེན་ལ་གཟབ་ནན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་སློབ་སྦྱོང་དང་ལག་བསྟར་བྱས་པར་མ་ཟད། རང་འགུལ་གྱིས་ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པ་དང་། དཔལ་ཡོན་གསར་སྐྲུན་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ་མཚོ་སྔོན་གྱི་ལས་དོན་སོ་སོའི་འཕེལ་རྒྱས་ཐད་བྱས་རྗེས་མི་དམན་པ་བཞག་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་འཕེལ་རྒྱས་ཐད་འཐབ་ཇུས་བཀོད་སྒྲིག་གསར་བ་བཏོན་ཡོད་པ་དང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་སྔར་ལས་མཐོ་བའི་བླང་བྱ་གསར་བ་བཏོན་ཡོད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བ་སྒྲུབ་མཁན་དག་མགོ་རྩོམ་ས་གསར་པའི་སྟེང་འགྲེང་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་དགོས་པ་དང་། དངོས་པོའི་དཔལ་ཡོན་དང་སྐྱེ་ཁམས་དཔལ་ཡོན་ལ་མཐོང་ཆེན་བྱེད་པ་བཞིན་བསམ་པའི་དཔལ་ཡོན་ལ་མཐོང་ཆེན་དང་། དངོས་པོའི་དཔལ་ཡོན་དང་སྐྱེ་ཁམས་དཔལ་ཡོན་དམ་འཛིན་བྱེད་པ་བཞིན་བསམ་པའི་དཔལ་ཡོན་དམ་འཛིན་བྱས་ཏེ་འབུར་ཐོན་གནད་དོན་ཐག་གཅོད་དང་མི་འདང་སར་ཁ་གསབ་བྱེད་དགོས་ལ། སྟོབས་ཤུགས་ཡོད་རྒུས་བསམ་པའི་དཔལ་ཡོན་དེ་སྤུས་ཚད་ཡོད་པ་དང་དོན་སྙིང་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ལ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཁྲོད་ནས་སྔར་ལས་མང་པོའི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་བ་ཡོད་པར་བྱེད་དགོས་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་དང་ལྡན་པའི་བསམ་པའི་སྒུལ་ཤུགས་འདོན་སྤྲོད་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱིས་ང་ཚོས་དུས་རབས་གསར་པའི་ནང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པར་ཁ་ཕྱོགས་གསར་བ་བསྟན་པ་དང་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། བློ་མཐུན་ཝང་ཅན་ཅོན་གྱི་བྱ་བའི་བླང་བྱ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་གང་ལེགས་སྒོས་མཚོན་ཡོད་པ་དང་། དེ་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ཆབ་སྲིད་རང་རྟོགས་དང་ལངས་གནས་མཐོན་པོ་རྒྱུན་འཁྱོངས་བྱས་ཏེ་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་མཉམ་དུ་འཛིན་པའི་སྤྱིའི་བླང་བྱ་རྒྱུན་འཁྱོངས་བྱེད་པ་དང་རིམ་པ་སོ་སོའི་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྔར་ལས་ལྷག་པའི་སྒོ་ནས་རྩ་འཛུགས་མཐུན་སྦྱོར་ནུས་པ་འདོན་སྤེལ་བྱས་ཏེ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་ཕན་ནུས་གསར་པ་ཐོན་པའི་བྱ་བའི་བླང་བྱ་ཡིན་ལ། དེར་དམིགས་སའི་རང་བཞིན་དང་མཛུབ་སྟོན་རང་བཞིན་དྲག་པོ་ལྡན། ང་ཚོས་ངེས་པར་དུ་དེར་གཟབ་ནན་གྱིས་སློབ་སྦྱོང་དང་རྒྱུས་ལོན་ཡང་དག་བྱེད་དགོས་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་བཟང་བོ་བྱས་ནས་ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་པ་ལེན་པ་དང་སྐས་རིམ་གསར་པ་ཞིག་རུ་སླེབས་པར་སྐུལ་འདེད་གཏོང་དགོས་ཟེར།

གྲོས་ཚོགས་སྟེང་བསྟན་དོན། བློ་མཐུན་ཝང་ཅན་ཅོན་གྱི་བྱ་བའི་བླང་བྱ་གཟབ་ནན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཤུགས་ཚད་སྔར་ལས་ཆེ་བ་དང་བྱེད་ཐབས་སྔར་ལས་བཟང་བོར་བརྟེན་ནས་མཚོ་སྔོན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་རྣམ་པ་གསར་པ་གསར་སྐྲུན་བྱེད་དགོས། ཆབ་སྲིད་ལངས་གནས་མཐོར་འདེགས་སུ་བཏང་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། བྱ་བ་གཙོ་བོ་དམ་འཛིན་བྱེད་པ། བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་བྱེད་ཐབས་དང་ནང་རྐྱེན་རྒྱུན་ཆད་མེད་པར་རྒྱ་ཆེ་རུ་བསྐྱེད་པ། ཏང་གི་འགོ་ཁྲིད་ལ་ཤུགས་བསྣན་ཏེ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཉམ་འཛིན་མཉམ་བདག་བྱེད་པ་དང་མཉམ་དུ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་བོ་གྲུབ་པར་བྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་། ཞིང་ཆེན་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཞི་མེན་གྱིས་གྲོས་ཚོགས་སྟེང་གཏམ་བཤད་པ་དང་། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ལིས་ཀྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་སོ་སོར་ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བ་བཟང་བོར་བསྒྲུབ་པའི་ཐད་བླང་བྱ་བཏོན། གྲོས་ཚོགས་སྟེང་ཞིང་ཆེན་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལས་དོན་ལས་གཞི་བཅུ་ལ་ཞིབ་འཇུག་བྱས་ཏེ་གཏན་ཁེལ་བྱས། ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་བའི་ཐད་ནས་ཡར་ཞུ་བྱས་པ་དང་། ཞིང་ཆེན་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་སྡེ་ཁག་སོ་སོའི་འགན་ཁུར་མི་སྣ་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།