མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིང་སོགས་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མི་ཚོགས་འདུར་ཞུགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྔོན་ཆད་ཀྱི་ཚན་ཧྲི། རྒྱལ་ཁབ་བཟོ་སྐྲུན་རྒྱལ་དར་འཛུགས་སྐྲུན་འཐབ་ཇུས་བློ་འདོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་སྤྱིའི་རྒྱུ་སྤུས་ཚན་རིག་གླིང་གི་བློ་འདོན་ཡོན་ཧྲི་ཀྲང་ཀང་གིས་རྒྱུ་སྤུས་ལ་བརྟེན་ནས་རྒྱལ་ཁབ་དར་སྤེལ་གཏོང་བ་དང་རྒྱུ་སྤུས་སྒྱུར་བཅོས་ཀྱི་ཟུར་ཁྲིད་སྙན་ཞུ་ཕུལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་གྱིས་སློབ་སྦྱོང་ཚོགས་འདུར་འགོ་འཛིན་བྱས།

བློ་མཐུན་ཀྲང་ཀང་གིས་ཕྱོགས་བཞིའི་ཐད་ནས་རྒྱུ་སྤུས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་དོན་སྙིང་ལ་གསལ་བཤད་གསལ་བོ་བྱས་པ་དང་། ཕྱོགས་ལྔའི་ཐད་ནས་རྒྱུ་སྤུས་སྒྱུར་བཅོས་ཀྱི་འདུ་ཤེས་དང་དམིགས་འབེན། ལམ་ལུགས། ཐབས་ལམ་སོགས་ལ་འཆད་འགྲེལ་ཆ་ཚང་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱིས་རྒྱུ་སྤུས་ལ་བརྟེན་ནས་ཞིང་ཆེན་དར་སྤེལ་གཏོང་བའི་བྱ་བ་སྤེལ་བའི་ཐད་གྲོས་གཞི་ལྔ་བཏོན། ཚོགས་ཞུགས་བློ་མཐུན་ཚོས། ཀྲང་ཀང་གི་སྙན་ཞུ་ལ་རྒྱལ་སྤྱིའི་མཐོང་རྒྱ་ཆེན་པོ་ལྡན་ཞིང་རང་རྒྱལ་གྱི་གནས་ཚུལ་དངོས་ལ་ཡང་འབྲེལ་འདྲིས་དམ་པོ་བྱས་ཡོད་ལ། རྗེས་དཔག་གི་བསམ་གཞིགས་བཏང་ཡོད་ལ་དཔེ་མཚོན་གྱི་དཔེ་གཞི་དང་ཡང་ཟུང་འབྲེལ་བྱས་ཡོད་པ་དང་། གཞུང་ལུགས་ཀྱི་ལམ་ནས་གསལ་བཤད་བྱས་ཡོད་ལ་ཐབས་ཇུས་གྲོས་གཞི་ཡང་བཏོན་ཡོད་པ་མ་ཟད། གཞུང་ལུགས་རང་བཞིན་དང་ཁ་གཏད་རང་བཞིན། ལག་བསྟར་རང་བཞིན་ཆེན་པོ་ལྡན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཀྲུང་དབྱང་གི་ཡིག་ཆ་ཉེར་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་རོགས་རམ་ཆེན་པོ་བྱེད་ཐུབ་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་ཞིབ་བསྡུར་དགེ་མཚན་འདོན་སྤེལ་བྱེད་པ། རྒྱུ་སྤུས་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་རྒྱ་སྤུས་ཀྱི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཐད་སྐུལ་འདེད་ཀྱི་ནུས་པ་འདོན་ཐུབ་ཟེར།

ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པ་རྩ་བའི་གཞི་འཛིན་ས་རུ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱི་རེ་བ་ལྟར། རྒྱུ་སྤུས་དང་པོར་འཛིན་པའི་རིན་ཐང་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྐོང་བ་དང་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་དངོས་ཤུགས་ཇེ་དྲག་ཏུ་གཏོང་བ་རྩ་བའི་དམིགས་འབེན་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཁེ་ལས་རྒྱུ་སྤུས་མཐོར་འདེགས་ཀྱི་གཙོ་གཞི་རུ་བྱེད་པ་དང་བཅོས་སྒྱུར་གསར་གཏོད་རྩ་བའི་བྱེད་ཐབས་སུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། རྒྱུ་སྤུས་མཐོར་འདེགས་འགུལ་སྐྱོད་སྤེལ་བ། ཁྱོན་ཡོངས་ཀྱི་རྒྱུ་སྤུས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། རྒྱུ་སྤུས་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་པ། འགྲན་རྩོད་རང་བཞིན་གྱི་དགེ་མཚན་སྐྱེད་སྲིང་བྱེད་པ་བཅས་བྱས་ནས། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། ལྔ་བཞི་འཐབ་ཇུས་ལག་ལེན་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བའི་ཐད་རྒྱུ་སྤུས་ཀྱི་རྨང་གཞི་བརྟན་པོ་འདིང་བ་དང་། རྒྱུན་མ་ཆད་པར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་རྒྱུའི་ཚུལ་བསྟན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས་དང་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཀྱི་ཏང་ཙུའུ་དང་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ་བཅས་སློབ་སྦྱོང་ཚོགས་འདུར་ཞུགས།  །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།