མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཐུན་ཏེ་རྫོང་དུ་འགོས་ནད་སྔོན་འགོག་རྒྱུན་ཤེས་གཅིག་བསྡུས་དྲིལ་སྒྲོག་བྱེད་པ་དང་འགོག་བཅོས་བྱ་བ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གི་འགོས་ནད་ཚབས་ཆེན་རིགས་འགོག་བཅོས་ཚོད་འཛིན་བྱེད་པ་དང་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ལུས་པོའི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་པ། འགོས་ནད་ཚབས་ཆེན་རིགས་ཀྱི་འགོག་བཅོས་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་ཆེད། ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཐུན་ཏེ་རྫོང་དུ་འགོས་ནད་སྔོན་འགོག་རྒྱུན་ཤེས་གཅིག་བསྡུས་དྲིལ་སྒྲོག་བྱེད་པ་དང་འགོག་བཅོས་བྱ་བ་སྤེལ།

བྱ་བའི་ཁྲོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྨན་བཅོས་ཆེད་མཁས་པ་དང་ལག་རྩལ་མི་སྣ་བརྒྱད་ཅུ་དང་མཁོ་སྒྲུབ་ལས་དོན་མི་སྣ་བདུན་ཅུ་སྐོང་འཐེན་བྱས་ཏེ། ཟླ་བཞི་བ་ནས་བཟུང་ཐུན་ཏེ་རྫོང་གི་རྐ་འབའ་སུམ་མདོ་གྲོང་རྡལ་དང་རྨ་བྱང་ཞང་། ཞོལ་མ་ཞང་། ཐང་མགོ་གྲོང་རྡལ། འབའ་ལུང་ཞང་བཅས་ཞང་ལྔའི་སྲིད་འཛིན་སྡེ་བ་དོན་གསུམ་ནས་ལོ་བཅོ་ལྔ་ནས་ལོ་ང་དགུའི་བར་གྱི་མི་ཁྲི་གསུམ་དང་སྟོང་བཞི་ལ་རིན་མེད་པར་འགོས་ནད་འགོག་བཅོས་ཤེས་བྱ་དྲིལ་སྒྲོག་སློབ་གསོ་དང་ཞིབ་བཤེར་བྱ་བ་སྤེལ།

ཐེངས་འདིའི་འགོས་ནད་རྒྱུན་ཤེས་དྲིལ་སྒྲོག་དང་འགོག་བཅོས་བྱ་བ་ནུས་ཡོད་སྒོས་སྤེལ་བ་དེས་རྫོང་ཡོངས་ཀྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་མཆིན་ནད་དང་ཨེ་ཙི་ནད། འདུས་འདྲིལ་གཅོང་ནད། ཐུམ་འབུའི་ནད་སོགས་འགོས་ནད་ཚབས་ཆེན་རིགས་ཀྱི་སྔོན་འགོག་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་། དེར་མ་ཟད། མང་ཚོགས་རང་འཐད་ཡིན་པའི་རྨང་གཞིའི་འོག སྲིད་གཞུང་སྣེ་ཁྲིད་བྱེད་པ་དང་འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་བྱས་ཏེ་འགོས་ནད་བྱུང་ཡོད་པའི་མང་ཚོགས་ལ་སྨན་བཅོས་བྱས་ཏེ་འགོས་ནད་ཚོད་འཛིན་བྱ་བའི་དམིགས་འབེན་ལ་སླེབས་པར་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།