མཚོ་སྔོན་ཞིང་ཆེན་དར་གོས་ཚོང་ལམ་གྱི་རྒྱའི་ལ་གཞས་དུས་ཆེན་སྐབས་གཉིས་པ་དང་ཙོང་ཆུའི་དམངས་སྲོལ་རིག་གནས་དུས་ཆེན་སྤེལ་ལ་ཉེ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ6པའི་ཚེས18ཉིན་ཤེས་གསལ་ལྟར་ན། 2017ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་གཙོ་གྲས་སྟེ།མཚོ་སྔོན་ཞིང་ཆེན་དར་གོས་ལམ་གྱི་རྒྱའི་ལ་གཞས་དུས་ཆེན་སྐབས་གཉིས་པ་དང་ཙོང་ཆུའི་དམངས་སྲོལ་རིག་གནས་དུས་ཆེན་དེ་ཟླ6པའི་ཚེས26ཉིན་གཟབ་རྒྱས་ངང་བསྡུ་རྒྱུ་རེད།དེའི་རིང་ལ། རིག་གནས་དང་ཡུལ་སྐོར།ལུས་རྩལ་བཅས་རྣམ་གྲངས15བྱེད་སྒོ་སྤེལ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་དར་གོས་ཚོང་ལམ་གྱི་རྒྱའི་ལ་གཞས་དུས་ཆེན་སྐབས་གཉིས་པ་དང་ཙོང་ཆུའི་དམངས་སྲོལ་རིག་གནས་དུས་ཆེན་ནི་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན་དང་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་འོག་གཉེར་བ་རེད། བྱེད་སྒོ་ནི་ཟླ6པའི་ཚེས26ཉིན་མགོ་བརྩམ་ཏེ།ཟླ7པའི་ཚེས20ཉིན་མཇུག་རྫོགས་རྒྱུ་རེད། བྱེད་སྒོའི་བརྗོད་དོན་ནི་དར་གོས་ཚོང་ལམ་གྱི་བརྩེ་བ་དང་རྒྱའི་ལ་གཞས་གྱི་ཕ་ས། བརྩེ་བ་མཚོ་ཤར་ལ་བརྒྱུས་ཡོད་ཞེས་པ་དེ་ཡིན་ལ། རང་ཞིང་དང་ཀན་སུའུ། ཉིང་ཞ། ཤིན་ཅང་། ཧྲན་ཞི་ཞིང་ཆེན་སོགས་ཀྱི་ཉེ་བའི་ལོ་ཤས་རིང་གི་རྒྱའི་ལ་གཞས་ཀྱི་གསར་རྩོམ་གྲུབ་འབྲས་དང་འཁྲབ་སྟོན་བྱེད་པ། འགྲེམ་ཚོགས་ནང་ཞུགས་པའི་མི་གྲངས5000ཡོད་པ་དང་། དེའི་ཁྲོད། མགོ་རྩོམ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་གྱི་མི་གྲངས2000ལྷག་ཟིན། བྱེད་སྒོའི་ནང་དོན་ལ། མཚོ་སྔོན་ཞིང་ཆེན་གྱི་ཟློས་གར་དང་། གཞས་གཏམ་སྒྱུ་རྩལ་འཁྲབ་སྟོན། མཚོ་ཤར་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཐོན་རྫས་གསར་རྩོམ་འགྲན་སྡུར་སོགས་དང་། མཚོ་སྔོན་གྱི་རྒྱའི་ལ་གཞས་གླུ་བའི་འགྲན་སྡུར། ཡིག་གཟུགས་དང་མཛེས་རིས། པར་ལེན་བརྩམས་ཆོས་སོགས་ཚུད། དར་གོས་ལམ་ནས་ལ་གཞས་ལེན་ཞེས་པ་དང་། ཀྲུང་གོའི་ནས་ཆང་རིག་གནས་དུས་ཆེན་སྐབས་དང་པོ། ཧོར་རིགས་ཨན་ཀྲོ་ན་ཏོན་དུས་ཆེན་སྐབས་བཅུ་དྲུག་པ། མཚོ་ཤར་གྲོང་ཁྱེར་གཟེབ་གྲུག་སྤོ་ལོའི་གདན་ཞུ་འགྲན་སྡུར་སྐབས་གཉིས་པ་སོགས་བྱེད་སྒོ་རིམ་པ15འདུ།

མཚོ་ཤར་ནི་གནའ་བོའི་དར་གོས་ལྷོ་ལམ་གྱི་ངེས་པར་དུ་བརྒྱུད་དགོས་པའི་ལམ་གཙོ་བོ་ཞིག་ཡིན་ལ།དར་གོས་ཚོང་ལམ་གསར་བའི་དཔལ་འབྱོར་རྒྱུད་ཀྱི་གྲོང་ཁྱེར་གལ་ཆེན་ཞིག་ཀྱང་རེད།གནའ་བོའི་ཙོང་ཆུའི་འགྲམ་ནས་དར་བའི་རྒྱའི་ལ་གཞས་ནི།དུས་དང་བར་སྟོང་གི་དབྱེ་མཚམས་གཏོར་ཏེ།ཀན་སུའུ་དང་མཚོ་སྔོན།ཉིང་ཞ་སོགས་ཀྱི་ས་ཁུལ་ཏུ་ཁྱབ་པ་ཡིན་ལ།མཚོ་སྔོན་དང་ནུབ་བྱང་ས་ཁུལ་གྱི་མཚོན་བྱེད་རང་བཞིན་གྱི་དམངས་ཁྲོད་རིག་གནས་གལ་ཆེན་ཏུ་ཞིག་ཏུ་གྱུར་ཡོད།ལོ་རེ་ཐེངས་རེར་བསྡུ་བཞིན་པའི་མཚོ་ཤར་གྲོང་ཁྱེར་ཧོར་གྲོང་གདན་མ་དང་གཞོང་ཐང་བདུན་ལ་དགོན།གྲོ་ཚང་དགོན་པ་སོགས་ས་ཁུལ་གྱི་དྲུག་པའི་རྒྱའི་ལ་གཞས་དུས་ཆེན་དེར། རིགས་སོ་སོའི་མང་ཚོགས་རྣམས་རྒྱ་ཁྱབ་ཏུ་ཞུགས་པ་དང་།རིག་གནས་ནང་དོན་ཕུན་སུམ་ཚོགས་པས་རིགས་ཁག་གི་མང་ཚོགས་རྣམས་ཀྱི་དུས་སྟོན་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་།མི་རིགས་ཁག་གི་མི་དམངས་བར་ཕན་ཚུན་སྤེལ་རེས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ།མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཅས་སུ་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།ད་སྔར།མཚོ་སྔོན་ཞིང་ཆེན་དར་གོས་ལམ་གྱི་རྒྱའི་ལ་གཞས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་དང་ཙོང་ཆུའི་དམངས་སྲོལ་རིག་གནས་དུས་ཆེན་གཉིས་སྔོན་འགྲོའི་བྱ་བར་གྲ་སྒྲིག་བྱེད་བཞིན་པའི་སྒང་རེད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།