ཀན་ལྷོ་ཁུལ་གྱིས“སྤྱིལ་ཁང་ཆེན་མོའི”གནད་དོན་གཙང་བཤེར་དང་སྒྲིག་བཅོས་ཀྱི་ལྟ་ཞིབ་བྱ་བ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི“སྤྱིལ་ཁང་ཆེན་མོའི”གནད་དོན་ཐད་ཆེད་དོན་གཙང་བཤེར་དང་སྒྲིག་བཅོས་བྱ་འགུལ་མཐུན་སྦྱོར་སྐུལ་སྤེལ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་ལྟ་ཞིབ་ཚན་ཆུང་བཙུགས་ནས། ཁུལ་རང་བྱུང་ཐོན་ཁུངས་ཅུས་ཀྱི་འགན་ཁུར་བ་གཙོ་བོའི་སྣེ་ཁྲིད་འོག  ལིན་ཐན་དང་ཅོ་ནེ། བསང་ཆུ་རྫོང་བཅས་སུ་ཟབ་ཞུགས་བྱས་ཏེ “སྤྱིལ་ཁང་ཆེན་མོའི”གནད་དོན་གཙང་བཤེར་དང་སྒྲིག་བཅོས་བྱེད་པའི་བྱ་བའི་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས།

“སྤྱིལ་ཁང་ཆེན་མོ”གཙང་བཤེར་དང་སྒྲིག་བཅོས་བྱེད་པའི་ཡུལ་དངོས་སུ། རྫོང་དང་ཤང་གི་འགན་ཁུར་མི་སྣས་སྔར་ལས་ལྷག་པར་དུ་ཆབ་སྲིད་གནས་བབ་མཐོ་རུ་བཏང་ནས། སྒྲིག་བཅོས་བྱ་བའི་གཙོ་འགན་ཁུར་དགོས་པ་དང་། ནུས་ཤུགས་ཡོད་རྒུས་གཙང་བཤེར་དང་སྒྲིག་བཅོས་ལས་འགན་དོན་འཁྱོལ་བྱ་དགོས་པ། སྒྲིག་བཅོས་བྱེད་ཚད་མགྱོགས་སུ་གཏོང་ཁར་ད་དུང་སྤུས་ཚད་ཁག་ཐེག་བྱ་དགོས་པ་དང་། སྒྲིག་བཅོས་བྱས་ཟིན་པའི་གནད་དོན་ལ “ཕྱིར་བལྟ”བྱས་ནས་སྒྲིག་བཅོས་དག་ཐེར་གྱི་ཚད་གཞི་གནད་ཐོག་ཏུ་ཁེལ་བར་བྱ་དགོས་པ་མ་ཟད། ཞིང་ལས་ཐོན་སྐྱེད་སླར་གསོ་ཐུབ་པར་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན།།                                                             

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།