འབྲུག་ཆུ་རྫོང་བོད་ཡུལ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་དུ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་བོད་ཡུལ་གྲོང་རྡལ་གྱིས་ཕྱོགས་ཡོང་ནས་ཏང་འཛུགས་སྐྱོང་ལ་ཤུགས་བསྣན་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། གཞི་རིམ་ཏང་རྩ་འཛུགས་ཀྱིས“བཀོད་འདོམས་པུའུ”ཡི་བྱེད་ནུས་བཏོན་ཏེ། ཏང་འཛུགས་སྐྱོང་གི་བྱ་བ་དང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱ་བ་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་བས། གྲོང་གསེབ་ཀྱི་ཏང་གི་རྩ་འཛུགས་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་གཉིས་མཉམ་དུ་སྐུལ་འདེད་གཏོང་བ་དང་མཉམ་དུ་རྒྱལ་ཁ་ཐོབ་པ་མངོན་འགྱུར་བྱུང་།

“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དམ་འཛིན་བྱས་ཏེ། རྒྱ་ཆེའི་ཏང་ཡོན་མང་ཚོགས་ལ་རྒྱུན་ཆད་མེད་པར་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་གྱི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་བྱས་ཤིང་། སྔར་ལས་ལྷག་པར་དུ་བསམ་བློ་གཅིག་གྱུར་དང་སེམས་ཤུགས་གཅིག་སྒྲིལ་བྱས། ལམ་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། “གྲོས་ཚོགས་གསུམ་དང་སློབ་ཁྲིད་གཅིག”གི་ལམ་ལུགས་དང་། ཏང་ཡོན་སློབ་སྦྱོང་གི་གསོ་སྦྱོང་ལམ་ལུགས་སོགས་གཞི་རྩའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་ཁྲོད་དུ་གནས་པའི་གནད་དོན་ཐད་ལ། ཏང་ཡོན་མང་ཚོགས་ཀྱིས་མཉམ་དུ་གྲོས་བསྡུར་བྱས་ནས་ཧུར་བརྩོན་སྒོས་སྤུས་དག་གི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱས། 

ཏང་ཀྲི་པུའུ་སྡེ་ཚན་བྱས་ཏེ། མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་ཕན་ཚུན་བར་དུ་ལྟ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བ་དང་། ཕན་ཚུན་ལ་སློབ་སྦྱོང་དང་ཕན་ཚུན་མིག་དཔེར་འཛིན་པར་ཤུགས་བསྣན་ཏེ། ཆ་འཕྲིན་རིན་མེད་མཉམ་སྤྱོད་དང་ཉམས་མྱོང“ཕྱིར་བསྐྱོད་པ”དང“ནང་འདྲེན་བྱེད་པ”མངོན་འགྱུར་བྱུང་ཞིང་། ཉམས་མྱོང་མཉམ་སྤྱོད་ཀྱི་རྣམ་པ་གསར་བ་མངོན་འགྱུར་བྱུང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།