ཀན་ལྷོ་ཁུལ་ཨུས་རྒྱུན་ཨུའི་གྲོས་ཚོགས་བསྡུས་ཏེ་བདེ་འཇགས་ཐོན་སྐྱེད་བྱ་བར་ཆེད་དོན་བཀོད་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས་ཏེ། 《ཀན་སུའུ་ཞིང་ཆེན་གྱི་ཏང་སྲིད་ཀྱི་འགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ཀྱི་ལག་བསྟར་ཞིབ་སྲོལ》ཆེད་དོན་བརྒྱུད་བསྒྲགས་བྱས་པ་དང་། ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་གནས་ཚུལ་ཞུས་པར་ཉན་ཞིང་གོམ་སྟབས་རྗེས་མའི་བྱ་བ་བཀོད་སྒྲིག་བྱས།

གྲོས་ཚོགས་ཀྱིས་བདེ་འཇགས་ཐོན་སྐྱེད་ནི་དཔལ་འབྱོར་གྱི་གནད་དོན་ཡིན་པ་མ་ཟད་ཆབ་སྲིད་ཀྱི་གནད་དོན་དང་སྤྱི་ཚོགས་ཀྱི་གནད་དོན་ཡིན་ལ། ལྷག་པར་དུ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་བའི་རྒྱབ་ལྗོངས་འོག བདེ་འཇགས་ཐོན་སྐྱེད་ནི་དེ་བས་གལ་ཆེ་བའི་འགན་སྲུང་བྱ་དགོས་ས་དང་ཆེས་ཆེ་བའི་དམངས་འཚོའི་གནད་དོན་ཡོད་ས་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས《ཀན་སུའུ་ཞིང་ཆེན་གྱི་ཏང་སྲིད་ཀྱི་འགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ཀྱི་ལག་བསྟར་ཞིབ་སྲོལ》སློབ་སྦྱོང་དང་དོན་འཁྱོལ་བྱ་རྒྱུ་དེ་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། “ཕྱོགས་གཅིག་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཞན་ཞིག་ནས་བདེ་འཇགས་སྲུང་བའི”ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས་ཞེས་བསྟན་པ་མ་ཟད། བདེ་འཇགས་ཐོན་སྐྱེད་མངའ་ཁོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་དང་ལས་འགན་གལ་ཆེན་དོན་འཁྱོལ་གྱི་སྐུལ་འདེད་དང་ཟུང་འབྲེལ་བྱེད་པ་དང་། བྱེད་ཐབས་ཞིབ་ཕྲའི་དོན་འཁྱོལ་ལ་བརྟེན་ནས་བྱ་བའི་དོན་འཁྱོལ་ཁག་ཐེག་བྱ་དགོས་ལ། ཁུལ་ཡོངས་ཀྱི་བདེ་འཇགས་གནས་བབ་རྒྱུན་མཐུད་དུ་གཏན་འཇགས་དང་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

 ཁུལ་ཨུའི་རྒྱུན་ཨུ་ཀྲའོ་ལིན་ཡུན་དང་བཀྲ་ཤིས་འཚོ། ཧོ་མོའུ་པའོ། སུང་ཅན། དབྱང་ཝུའུ། དབྱང་ཞུང་། ཞི་ཆང་། ཧའོ་ཅུའེ་རྨིན། ཡོན་ཞིན་ཧོ་བཅས་གྲོས་ཚོགས་སུ་ཞུགས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་གྲོས་ཚོགས་སུ་ཟུར་ཞུགས་བྱས།། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།