ཀླུ་ཆུ་རྫོང་དཔོན་སྐོར་སྡེ་བར་སེར་བའི་གནོད་སྐྱོན་ཐེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོ་ཁུལ་བོད་སྐད་ཨུ་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཉེ་སྔོན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་སྐྱོང་ཁུལ་ཀླུ་ཆུ་རྫོང་གི་དཔོན་སྐོར་སྡེ་བར་དྲག་ཆར་དང་སེར་བ་བབས་ནས་རྩྭ་ས་དང་སྦྲ་གུར་སོགས་ལ་རིམ་པ་མི་འདྲ་བའི་གནོད་སྐྱོན་ཐེབས།

གནོད་སྐྱོན་ཐེབས་རྗེས་ཁུལ་བོད་སྐད་ཨུས་བསྐོ་མངགས་བྱས་པའི་སྡེ་བའི་བཅའ་སྡོད་རོགས་སྐྱོར་བྱ་བྱེད་རུ་ཁག་དང་རྫོང་འཕེལ་སྒྱུར་ཅུས། མ་ངེ་གྲོང་རྡལ་གྱི་སྡེ་བའི་བཅའ་སྡོད་ལས་བྱེད་པ་ཚོ་མཉམ་དུ་མཚན་བརྒྱབ་ནས་གནོད་ཐེབས་སྡེ་བར་སོང་སྟེ་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་མ་ཟད།  དུས་ཐོག་ཏུ་རྫོང་ཨུ་དང་རྫོང་སྲིད་གཞུང་ལ་གནས་ཚུལ་ཡར་ཞུ་བྱས།  དུས་མཚུངས་སུ་མང་ཚོགས་ལ་རོགས་སྐྱོར་དང་སེམས་གསོ་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ལ་ཤན་ཞུགས་མི་ཐེབས་པར་ཁག་ཐེག་བྱས།

微信图片_20171009172509.jpg

མ་ངེ་གྲོང་རྡལ་དཔོན་སྐོར་སྡེ་བའི་བཅའ་སྡོད་རོགས་སྐྱོར་བྱ་བྱེད་རུ་ཁག་གིས་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།

微信图片_20171009172358.jpg

མ་ངེ་གྲོང་རྡལ་དཔོན་སྐོར་སྡེ་བའི་བཅའ་སྡོད་རོགས་སྐྱོར་བྱ་བྱེད་རུ་ཁག་གིས་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།

ཐོག་མའི་བསྡོམས་རྩིས་ལྟར་ན། དཔོན་སྐོར་སྡེ་བའི་རས་གུར20ལྷག་སེར་བས་ གཤག་རལ་དང་བེད་མེད་དུ་བཏང་ཡོད་པ་དང་། ནོར་གཉིས་བསད་འདུག་ལ། རྩྭ་སའི་རྒྱ་ཁྱོན་མུའུ11000ལྷག་ལ་གནོད་སྐྱོན་ཐེབས་པ་དང་། རླངས་འཁོར་དང་འཕྲུལ་རྟ་སོགས་ལ་ཚད་རིམ་མི་འདྲ་བའི་ཆག་སྐྱོན་ཐེབས་པ་མ་ཟད།  དུད་ཁྱིམ་བཅུ་ལྷག་གི་ཤེལ་སྒོའི་རབ་གསལ་དང་ཉི་གློག   སྲུང་སྐར་བརྡ་རྟགས་བསྡུ་ལེན་འཕྲུལ་ཆས་སོགས་ལ་ཆག་སྐྱོན་ཐེབས་ཀྱང་མི་ལ་རྨས་སྐྱོན་ཐེབས་མི་འདུག

微信图片_20171009172410.jpg

གཤག་རལ་དུ་བཏང་བའི་སྦྲ་གུར།

微信图片_20171009172457.jpg

微信图片_20171009172427.jpg

སེར་བས་བསད་པའི་ནོར་གནག

མིག་སྔར། སེར་བའི་གནོད་སྐྱོན་གྱིས་བཟོས་པའི་དཔལ་འབྱོར་གྱི་གྱོང་གུད་རྣམས་ཞིབ་ཕྲའི་ངང་བསྡོམས་རྩིས་བྱེད་བཞིན་པའི་སྒང་ཡིན།

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།