མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ལྡན་མཉམ་ལས་མཐོ་རིམ་ཚན་ཆུང་གི་སྙན་ཞུ་ཐོག་མ་ལས་གྲངས་ལྡན་ལ་བཟོད་སྒོམ་བྱེད་དགོས་པའི་འབོད་སྐུལ་བཏང་།

20190612092613pvtX.jpg

ཟླ་དྲུག་པའི་ཚེས་བཅུ་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཙུགས་པའི་གྲངས་ལྡན་མཉམ་ལས་ཀྱི་མཐོ་རིམ་ཚན་ཆུང་གིས་འཛམ་གླིང་གྲངས་ལྡན་དཔལ་འབྱོར་གྱི་སྙན་ཞུ་ཐོག་མ་སྤེལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཙུགས་པའི་གྲངས་ལྡན་མཉམ་ལས་ཀྱི་མཐོ་རིམ་ཚན་ཆུང་གིས་ཚེས་བཅུའི་ཉིན་འཛམ་གླིང་གྲངས་ལྡན་དཔལ་འབྱོར་གྱི་སྙན་ཞུ་ཐོག་མ་སྤེལ་ཏེ། བཟོད་སྒོམ་རང་བཞིན་གྱི་མ་འོངས་པའི་གྲངས་ལྡན་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། གྲངས་ལྡན་ལག་རྩལ་གྱི་ཕན་འབྲས་རྒྱ་བསྐྱེད་པ་དང་ཚད་མཐོན་པོའི་སྒོ་ནས་དེའི་གནོད་པ་ཇེ་ཉུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་། 

གྲངས་ལྡན་རོགས་ལས་དུས་རབས་ཞེས་པའི་སྙན་ཞུ་ལས། བཟོད་སྒོམ་དང་ཡིད་ཆེས། མཉམ་ལས་བཅས་ཀྱི་གྲངས་ལྡན་མ་འོངས་པ་འཛུགས་སྐྲུན་བྱེད་ཆེད། མི་དར་མ་རེ་རེས་ཉིས་སྟོང་སུམ་ཅུ་ལོའི་ཡར་སྔོན་དུ་གྲངས་ལྡན་དྲ་རྒྱའི་སྦྲེལ་མཐུད་གྲོན་དངུལ་དང་གྲངས་ལྡན་ཅན་གྱི་དངུལ་ལོར། བདེ་ཐང་ཞབས་ཞུ་བཅས་ཁུར་དུ་ལེན་ཐུབ་པར་བྱ་དགོས་པ་དང་། བྱེ་བྲག་གི་སྲིད་ཇུས་སྤྱད་དེ་བུད་མེད་དང་མཐར་གནས་མང་ཚོགས་དག་གྲངས་ལྡན་སྤྱི་ཚོགས་སུ་འདྲེས་པར་འགན་སྲུང་བྱ་དགོས་ལ། ཞོར་དུ་རྒྱལ་སྤྱིའི་སྟེང་ཀུན་གྱིས་ཁས་ལེན་པའི་གྲངས་ལྡན་གྱི་བཟོད་སྒོམ་རང་བཞིན་ལ་ཚད་འཇལ་བྱེད་པའི་བྱེད་ཐབས་འཛུགས་དགོས་པའི་འབོད་སྐུལ་བཏང་། 

ཚེས་བཅུ་ཉིན་གྱི་སྔ་དྲོར། གྲངས་ལྡན་མཉམ་ལས་མཐོ་རིམ་ཚན་ཆུང་གི་མཉམ་འབྲེལ་ཀྲུའུ་ཞི་གཉིས་ཏེ་ཨ་ལི་པཱ་པཱ་སྡེ་ཚོགས་ཀྱི་ཏུང་ཧྲི་ཅུའུ་ཡི་ཀྲུའུ་ཞི་མཱ་ཡུན་དང་། པུས་ཨར་དང་མེ་ལིན་ཏཱ་ཀའེ་ཚི་ཐེབས་རྩལ་ཚོགས་པའི་མཉམ་འབྲེལ་སྲོལ་འབྱེད་མཁན་མཱེ་ལིན་ཏཱ་ཀའེ་ཚི་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་སྙན་ཞུ་དེ་སྤྲད། ཁོ་གསུམ་གྱིས་སྙན་ཞུ་དེའི་ཐད་ནས་དྲ་རྒྱའི་ཐད་གཏོང་གྲོས་མོལ་ཞིག་སྤེལ་བ་རེད། 

ཚེས་བཅུ་ཉིན་གྱི་ཕྱི་དྲོར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་དངོས་གཞི་མིན་པའི་གྲོས་ཚོགས་བསྡུས་ཏེ། ནོར་ཝེའི་གྲངས་ལྡན་ལས་དོན་གྱི་བློན་ཆེན་ཨ་སི་ཐི་ལུའུ་ཕུའུ་དང་། ཁོ་ཁིའི་ཙུང་ཚེ་གཞོན་པ་ཝུན་ཏོན་སི་ཧྥུའུ་སོགས་གྲངས་ལྡན་མཉམ་ལས་མཐོ་རིམ་ཚན་ཆུང་གི་ཁོངས་མིས་མཚམས་སྦྱོར་བྱས་པའི་སྙན་ཞུའི་འབྲེལ་ཡོད་གནས་ཚུལ་ལ་ཉན། ཀུའུ་ཐི་ལོས་སི་ཡིས་གཏམ་བཤད་སྤེལ་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་སྲིད་གཞུང་གིས་སྙན་ཞུ་དེ་ཞིབ་ཏུ་བཀླགས་དགོས་པའི་སྐུལ་མ་བཏང་བར་མ་ཟད། སྙན་ཞུ་དེས་སྲིད་གཞུང་དང་སྒེར་གཉེར་སྡེ་ཁག དམངས་ཁྲོད་སྤྱི་ཚོགས་བཅས་ཀྱིས་གྲངས་ལྡན་རོགས་ལས་དུས་རབས་ཀྱི་ཐུན་མོང་འཕེལ་རྒྱས་ཐད་ནས་གྲོས་བསྡུར་བྱེད་པར་སྐུལ་འདེད་གཏོང་དགོས་པའི་ཚུལ་བསྟན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།