རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚོགས་མིང་དང་ཚོགས་རྟགས་སྒྱུར་བ།


image001.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱིས་མོ་ན་ཀོར་འཚོགས་པའི་སྐབས་217པའི་ལས་འཛིན་ལྷན་ཚོགས་ཐོག་ཚོགས་མིང་དང་ཚོགས་རྟགས་བཟོ་བཅོས་རྒྱག་རྒྱུའི་གྲོས་ཆོད་ཐད་གྲོས་འཆམ་བྱུང་པ་དང་། རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་དེ“འཛམ་གླིང་གི་མཆོང་རྒྱུག་འཕེན་གསུམ”ཞེས་པར་བསྒྱུར་རྒྱུ་དང་ཚོགས་ཆེན་ཐོག་ཚོགས་རྟགས་གསར་པ་དུས་གཅིག་ཏུ་ཁྱབ་བསྒྲགས་བྱས།

འདས་ཟིན་པའི་ལོ་བཞིའི་ནང་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྒྱུར་བཅོས་ཧུར་ཐག་བྱས་ནས་དེ་བས་དེང་རབས་ཅན་དང་དེ་བས་ལྟད་མོ་བའི་དགའ་བསུ་ཐོབ་པའི་སྤུས་རྟགས་ཤིག་བཏོད་པ་དང་། རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སའེ་པ་སི་ཏི་ཨན་གྱིས“སྤུས་རྟགས་གསར་པས་ན་གཞོན་དག་ལུས་རྩལ་འགུལ་སྐྱོད་ནང་ཞུགས་རྒྱུའི་རེ་བ་བྱེད་ཀྱི་ཡོད།” ཅེས་བཤད། 

རྒྱུས་ལོན་བྱུང་བར། རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་དེ1912ལོའི་ཟླ་7ཚེས་17ཉིན་སུའེ་ཏེན་གྱི་རྒྱལ་ས་སི་ཐོག་ཁོར་མོ་རུ་བཙུགས་པ་དང་ཚོགས་མིང་དེ་བཀོད་སྤྱོད་བྱས་ནས་ལོ་བརྒྱ་ལྷག་འགོར་ཡོད། རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་རྟགས་གསར་པ་ནི་གཞི་རྒྱུ་གསུམ་ལས་གྲུབ་པ་དང་། གསལ་བྱེད་ཡི་གེWཡིས་ལུས་རྩལ་པ་རྣམས་ཀྱིས་དཔུང་པ་གཉིས་མཐོན་པོར་བསྒྲེངས་ནས་རྟེན་འབྲེལ་ཞུ་བ་མཚོན་པ་དང་། གསལ་བྱེད་Aཡིས་ལུས་རྩལ་པ་རྣམས་ཀྱིས་འགྲན་བསྡུར་ལ་གྲ་སྒྲིག་བྱེད་པ་མཚོན། ཚོགས་རྟགས་སྟེང་གི་གཞུ་དབྱིབས་ཀྱིས་མཆོང་རྒྱུག་འཕེན་གསུམ་གྱི་ཁྱིམ་ཚང་ཆེན་པོ་མཚོན་ཡོད། ཐིག་རིས་དཀར་པོས་སྣུར་སྲིང་བྱས་པའི་རྒྱུག་ལམ་མཚོན་པ་བཅས་ཀྱི་ཐོག་ནས་མཐར་ཐུག་ལས་བརྒལ་བའི་བསམ་འདུན་བཟང་པོ་མཚོན་གྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མིང་དང་ཚོགས་རྟགས་གསར་པ་འདི་ད་ལོའི་ཏུའོ་ཧ་འཛམ་གླིང་འགྲན་བསྡུར་རྗེས་ཀྱི་ཟླ་10པར་དངོས་སུ་སྤྱོད་འགོ་འཛུགས་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།