ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་འཐུས་མིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་འཇོག་པའི་འཆར་གཞི་གསར་བ་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་འཐུས་མི་སཱ་དབྱེ་ཏིས་ཁི་ཡིས་ཚེས་བཅུ་གསུམ་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་འཇོག་པའི་འཆར་གཞི་གསར་བ་ལག་བརྩི་སྲུང་བྱ་དགོས་པའི་འབོད་སྐུལ་བཏང་། 

ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཚེས་བཅུ་གསུམ་ཉིན་མེན་སི་ཁི་ནས་རྒྱུན་ལྡན་གྱི་གྲོས་ཚོགས་བསྡུས། སཱ་དབྱེ་ཏིས་ཁི་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་བདེ་འཇགས་བྱ་བའི་ཚན་ཆུང་གིས་ཉིན་འགའི་ནང་ཟླ་གསུམ་པའི་ཚེས་བརྒྱད་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་འཆར་གཞི་ལག་བསྟར་བྱ་དགོས་པ་ཁས་ལེན་བྱས། ཉིན་འགའི་ནང་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་གནས་ཚུལ་ཆེར་མ་བྱུང་ཡང་། འཁྲུག་རྩོད་མཚམས་འཇོག་པའི་འཆར་གཞི་དེར་ཡིད་ཚིམས་པའི་མཇུག་འབྲས་བྱུང་མེད་ཟེར། ཁོས་ཕྱོགས་ཁག་སོ་སོས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཡིད་རྟོན་རུང་བའི་འཁྲུག་རྩོད་མཚམས་འཇོག་པར་ཁག་ཐེག་བྱ་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།