དབྱི་རག་ཧྲི་ཡེ་ཕྱོགསག་ཁག་གི་ཆེས་མཐོའི་ཆོས་ལུགས་གཙོ་འཛིན་གྱིས་དབྱི་ལིང་གི་ཙུང་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་ཆེས་མཐོའི་ཆོས་ལུགས་གཙོ་འཛིན་ཞི་སི་ཐཱ་ནེ་ཡིས་ཚེས་བཅུ་གསུམ་ཉིན་དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་ལྷ་མཁར་ནཱ་ཅེ་ཧྥུའུ་ནས་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ས་ཁུལ་གྱི་གནས་བབ་ཐད་ནས་གྲོས་བསྡུར་བྱས། 

ནཱ་ཅེ་ཧྥུའུ་ཞིང་ཆེན་གྱི་འབྲེལ་ཡོད་མི་སྣས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཉིན་དེར་ཞི་སི་ཐཱ་ནེ་ཡི་སྡོད་གནས་ནས་དུས་ཚོད་གཅིག་ཙམ་རིང་གྲོས་མོལ་བྱས་ཟེར། 
ལུའུ་ཧཱ་ནེ་ཡིས་ཉིན་དེར་ད་རུང་ནཱ་ཅེ་ཧྥུའུ་རུ་ཡོད་པའི་དབྱེ་མཱ་མུའུ་ཨ་ལི་ཆོས་ཁང་དུ་འཚམས་འདྲི་བྱས། ཆོས་ཁང་དེས་ལོ་རེར་ཧྲི་ཡེ་ཕྱོགས་ཁག་གི་མཇལ་བ་ས་ཡ་མང་བོ་འགུག་བཞིན་ཡོད་ཟེར། 
ཞི་སི་ཐཱ་ནེ་ི་དབྱི་རག་ཕྱོགས་ཁག་གི་ཆེས་མཐོའི་ཨ་ཡཱ་ཐུའུ་ལཱ་ཡིན་པ་དང་། དབྱི་རག་དང་དབྱི་ལིང་གི་ཧྲི་ཡེ་ཕྱོགས་ཁག་གི་མུའུ་སི་ལིན་ཁྲོད་དུ་སྙན་གྲགས་ཆེན་པོ་ལྡན་པ་ཡིནན། 
ལུའུ་ཧཱ་ནེ་ཚེས་བཅུ་གཅིག་ཉིན་པཱ་ཀ་ཏཱ་རུ་འབྱོར་ནས། དབྱི་རག་ལ་དུས་ཡུན་ཉིན་གསུམ་གྱི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། དེ་ནི་ལུའུ་ཧཱ་ནེ་ཡིས་ཉིས་སྟོང་བཅུ་གསུམ་ལོར་དབྱི་ལིང་གི་ཙུངཐུང་གི་འགན་ཁུར་རྗེས་ཐོག་དང་པོར་དབྱི་རག་ཏུ་འཚམས་འདྲི་བྱས་པ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།