ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱིས་བར་སྣང་འཇབ་རྒོལ་སྤེལ་ཏེ་དྲག་ཆས་ཉེས་ཅན་བཅུ་བཞི་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཐཱ་ལེ་པན་གྱིས་པཱ་ཏི་ཅི་སི་ཞིང་ཆེན་གྱི་དམག་དོན་སྒར་ས་ཞིག་ལ་འཇབ་རྒོལ་བྱས་རྗེས། ཨ་ཧྥུའུ་ཧན་མཁའ་དམག་གིས་ཚེས་བཅུ་གཅིག་ཉིན་ཞིང་ཆེན་དེའི་ཐཱ་ལེ་པན་གྱི་སྦས་སྐོང་བྱེད་ས་ཞིག་ལ་བར་སནང་འཇབ་རྒོལ་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་ཧྥུའུ་ཧན་རྒྱལ་དམངས་དམག་དཔུང་གིས་གིས་པཱ་ཏི་ཅི་སི་ཞིང་ཆེན་གྱི་ནོ་པའོ་གྲོང་ཁྱེར་བྱང་ངོས་ཀྱི་པཱ་ལཱ་མུའུ་ཨར་ཅཱ་པུའུ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བཅུ་བཞི་རྐྱེན་ལམ་དུ་ཤོར། མི་བཅུ་གསུམ་ལ་རྨས་ཕོག རླངས་འཁོར་དང་མཚོན་ཆ་རེ་འགར་གཏོར་བཤིག་བཏང་། ཐཱ་ལེ་པན་གྱིས་དོན་དེའི་ཐད་ནས་དཔྱད་བརྗོད་གང་ཡང་སྤེལ་མེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།