སུའུ་ཏན་དང་ཨེ་ཙེ་ཨོ་ཕི་ཡཱ་ཡིས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་དུ་མཉམ་འབྲེལ་དམག་དཔུང་བཀོད་སྒྲིག་བྱེད་པར་གྲོས་མཐུན་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའུ་ཏན་དང་ཨེ་ཙེ་ཨོ་ཕི་ཡཱ་ཡིས་ཚེས་བཅུ་གཉིས་ཉིན་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་དུ་མཉམ་འབྲེལ་དམག་དཔུང་བཀོད་སྒྲིག་བྱེད་པར་གྲོས་མཐུན་བཀོད། 

སུའུ་ཏན་དང་ཨེ་ཙེ་ཨོ་ཕི་ཡཱ་ཡི་མཉམ་འབྲེལ་དམག་དམག་དོན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དེ་ཚེས་བཅུ་གཉིས་ཉིན་སུའུ་ཏན་གྱི་རྒྱལ་ས་ཁཱ་ཐུའུ་མུའུ་ནས་གྲོལ། སུའུ་ཏན་གྱི་སྐམ་དམག་གི་ཇུས་འདོན་པ་མཱ་ལུའུ་ཧྥུའུ་ཡིས་གསར་འགྱུར་ལས་རིགས་ལ་བསྟན་དོན། སུའུ་ཏན་དང་ཨེ་ཙེ་ཨོ་ཕི་ཡཱ་ཕྱོགས་གཉིས་ཀྱིས་གྲོས་མཐུན་བཀོད་དེ། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་དུ་མཉམ་འབྲེལ་དམག་དཔུང་བཀོད་སྒྲིག་བྱེད་རྒྱུ་ཐག་བཅད། 

མཱ་ལུའུ་ཧྥུའུ་ཡིས་བཤད་རྒྱུར། མཉམ་འབྲེལ་དམག་དཔུང་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་གྱི་དོ་དམ་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་ཁོངས་བརྒལ་བའི་ནག་ཉེས་བྱ་སྤྱོད་ལ་ཆམ་ཕབ་གཏོང་བའི་ཆེད་དུ་རེད། 

ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་སྲུང་དམག་དཔུང་གི་ཇུས་འདོན་དཔོན་པོ་མེ་ཁི་ནོང་གིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨེ་ཙེ་ཨོ་ཕི་ཡཱ་དང་སུའུ་ཏན་གྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོང་བྱེད་རྩིས་ཡོད་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།