ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན་སོ་བདུན་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་དཔོན་རིགས་ཀྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཚེས་བཅུ་ཉིན་དང་ཚེས་བཅུ་གཅིག་ཉིན་བསྡོམས་པས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ཉེས་ཅན་སོ་བདུན་བསད་ཟེར། 

ཚེས་བཅུ་གཅིག་ཉིན་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་དང་ཐཱ་ལེ་པན་གྱིས་ཐཱ་ཧཱ་ཨར་ཞིང་ཆེན་གྱི་བྱང་ཕྱོགས་ས་ཁུལ་ནས་འཁྲུག་རྩོད་བྱས། ས་དེའི་སྲིད་གཞུང་ལ་བློ་དཀར་བའི་དམངས་དམག་གི་བཀོད་འདོམ་དཔོན་པོ་ཁཱ་ཞི་མུའུ་ཡིས་བཤད་རྒྱུར། བསྡོམས་པས་དྲག་ཆས་ཉེས་ཅན་བཅུ་བཞི་བསད་ཟེར། 

ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱིས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། སྲིད་གཞུང་དམག་དཔུང་གིས་ཚེས་བཅུ་ཉིན་ཝུའུ་ལུའུ་ཙི་ཀན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཐིས་ལིན་ཁུའུ་ཐི་ཉེ་འདབས་སུ་བར་སྣང་འཇབ་རྒོལ་བྱས་ཏེ། ཐཱ་ལེ་པན་སྦས་སྐོང་བྱེད་ས་བདུན་ལ་འགས་གཏོར་བཏང་བ་དང་། དྲག་ཆས་ཉེས་ཅན་ཉེར་གསུམ་བསད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།