ཨུ་རུ་སིའི་ཙུང་ལི་ཡིས་ཨུ་རུ་སི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ལ་འཚམས་འདྲི་བྱས་ཏེ་ལུགས་རྙིང་ལོ་སར་ལ་རྟེན་འབྲེལ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་ཚེས་བདུན་ཉིན་ཨུ་རུ་སི་རུ་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དུ་སོང་ནས། ཀྲུང་གོའི་མི་དམངས་ལ་ལུགས་རྙིང་ལོ་སར་གྱི་རྟེན་འབྲེལ་ཞུས། 

མེ་ཏི་བེ་ཅེ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོའི་བར་ཡུན་རིང་བའི་སྲོལ་རྒྱུན་མཛའ་མཐུན་ལྡན་པ་དང་། དེང་སྐབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་གནས་ཡོད། ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོ་ཡིན་པ་དང་། དེང་སྐབས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་བར་གྱི་འབྲེལ་བའི་མ་དཔེ་རུ་གྱུར་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་སྔར་ལས་མཐོ་བའི་ཆུ་ཚད་དུ་ཡར་སྐུལ་གཏོང་བ་དང་རྒྱལ་ཁབ་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར། 

མཚམས་སྦྱོར་བྱས་པ་ལྟར་ན། མེ་ཏི་བེ་ཅེ་ཧྥུའུ་ཡི་ཐེངས་འདིའི་འགྲུལ་བཞུད་ནི་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལིའི་འགན་ཁུར་བའི་ཚུན་ལ། ཐོག་དང་པོར་ཨུ་རུ་སི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ལ་དངོས་གཞིས་འཚམས་འདྲི་བྱས་པ་ཡིན་ཞིང་། དེ་ལས་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཟབ་མོ་མངོན་པར་མཚོན་ཡོད་པ་དང་། ཀྲུང་གོ་དང་ཨུ་རུ་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བའི་ཆུ་ཚད་མཐོན་པོ་དང་དམིགས་བསལ་རང་བཞིན་རྒྱས་འགྲེལ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།