ཨ་མེ་རི་ཁའི་དམག་དཔུང་གིས་བར་སྣང་འཇབ་རྒོལ་བྱས་ཏེ་སོ་མཱ་ལིའི་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་བཅོ་ལྔ་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་དམག་དཔུང་གི་ཨ་ཧྥེ་རི་ཁ་གླིང་དམག་སྤྱི་ཁང་གིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས་དྲུག་དང་ཚེས་བདུན་ཉིན་སོ་མཱ་ལིའི་ལྷོ་ཕྱོགས་ཀྱི་ཞེ་པེ་ལེ་ཞོལ་མ་ཀྲིག་ནས་སོ་སོར་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་གཉིས་ལ་བར་སྣང་འཇབ་རྒོལ་བྱས་ནས། རྩ་འཛུགས་དེའི་དྲག་ཆས་ཉེས་ཅན་བཅོ་ལྔ་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས་དྲུག་ཉིན་ཞེ་པེ་ལེ་ཞོལ་མ་ཀྲིག་ཀན་ཏཱ་ཨར་ཧྲི་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་བཅུ་གཅིག་བསད། ཚེས་བདུན་ཉིན་ཀྲིག་དེའི་ཕཱ་ལི་ལོས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ནས། དྲག་ཆས་ཉེས་ཅན་བཞི་བསད། བར་སྔན་འཇབ་རྒོལ་ཁྲོད་མི་སེར་དཀྱུས་མར་ཤི་རྨས་ཐེབས་མེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་མུ་མཐུད་དུ་སོ་མཱ་ལི་རུ་སྡོད་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཆེད་མངག་ཚོགས་པ་དང་སོ་མཱ་ལིའི་སྲིད་གཞུང་དམག་དཔུང་བར་མཉམ་ལས་བྱས་ནས། ན་གཞོན་ཏང་གི་དྲག་ཆས་པར་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། 

བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས་བདུན་ཉིན་གཡི་བར་སྣང་འཇབ་རྒོལ་ནི་སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་པཱ་ལི་ལོས་ས་ཁུལ་ནས་ན་གཞོན་ཏང་ལ་དམིགས་པའི་ཆམ་ཕབ་འགུལ་སྐྱོད་སྤེལ་བར་རྒྱབ་སྐྱོར་བྱེད་པའི་ཆེད་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།